ཧྲན་ཞི་ཧྭ་ཞང་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ལྕི་བའི་བཟོ་ལས་ལས་དོན་པུའུ་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་བཟོ་བཀོད་པ་ཡིན།
སྤྱི་ལོ2001ལོར། ཀུའོ་ལིང་པིང་ཧྭ་ཞང་ཚོགས་པའི་ལག་རྩལ་ཚོགས་པར་ཞུགས་ནས་བཟོ་སྐྲུན་འཕྲུལ་ཆས་ཀུང་སིའི་ལག་རྩལ་པུའུ་རུ་ལས་ཀ་བསྒྲུབས། སྐབས་དེར་ཧྭ་ཞང་བཙུགས་ནས་ལོ་གཉིས་ལས་འགོར་མེད་པས་སྟོབས་ཤུགས་ཞན། ཧྭ་ཞང་གིས་སྐབས་དེ་དུས་འཇར་པན་གཞོགས་འདེགས་ཀུང་སི་དང་མཉམ་ལས་བྱས་ནས་བཟོ་གྲྭ་བསྐྲུན། འཇར་པན་ཕྱོགས་ཀྱིས་མངགས་ཐོ་དང་ལག་རྩལ་མཁོ་འདོན་བྱེད་པ་དང་། ཧྭ་ཞང་གིས་ཐོན་སྐྱེད་སྒྲིག་འཛུགས་བྱེད་དགོས་པས། ཐོན་རྫས་གསར་སྤེལ་གྱི་གོ་རིམ་ཁྲོད་ཀྱི་ལག་རྩལ་ཚང་མ་འཇར་པན་ཕྱོགས་ཀྱིས་མཁོ་འདོན་དང་མཛུབ་ཁྲིད་བྱས་ཏེ། ཧྭ་ཞང་ཁྲོམ་ར་གསར་སྤེལ་གྱི་ནུས་པར་ཚོད་འཛིན་ཆེན་པོ་བྱས།
གནས་ཚུལ་མི་ལེགས་པ་དེར་དམིགས་ནས་ཀུའོ་ལིང་པིང་གིསVལུགས་ལུགས་རྒྱག་ལག་རྩལ་དང་བཟོ་རྩལ་སྒྲིག་ཆས་ལ་རྒྱུན་ཆད་མེད་པར་བརྩོན་ཞིབ་བྱས་པ་དང་། འཇར་པན་ཕྱོགས་ཀྱི་ལག་རྩལ་ཁྱད་ཆོས་དཔྱད་གཞིར་བཟུང་ནས་དཀའ་སྤྱད་འབད་བརྩོན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་དེའི་ལག་རྩལ་གྱི་ཉིང་བཅུད་ཁོང་དུ་ཆུད། ཧྭ་ཞང་ལ་རང་ཉིད་ཀྱི་ཐོན་རྫས་གསར་སྤེལ་ཇུས་འགོད་དང་། བརྒྱུད་རིམ། ཞིབ་དཔྱད་ཚད་ལེན་མ་ལག་བཅས་བཙུགས་ཏེ། ལས་རིགས་གཅིག་པའི་ནང་སྔོན་ཐོན་གྱི་གནས་སུ་སླེབས་ཏུ་བཅུག་པ་དང་། ད་ལྟ་ད་དུང་ཡང་ལས་རིགས་ནང་དཔྱད་གཞིར་འཛིན་བཞིན་ཡོད།
ཀུང་སི་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཁྲོམ་ར་མགྱོགས་མྱུར་རྒྱ་ཆེར་ཕྱིན་པ་དང་། ཐོན་རྫས་གསར་སྤེལ་བྱེད་ཚད་ཉིན་རེ་བཞིན་ཆེ་རུ་ཕྱིན། ཐོན་རྫས་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་མཁོ་བའི་བཟོ་དབྱིབས་བཟོ་བ་དང་། ལས་སྣོན། ཞིབ་དཔྱད་ཚད་ལེན་བཅས་ཀྱི་ལས་ཀ་འབོར་ཆེན་དག་སྔོན་ཆད་ཕྱི་ཕྱོགས་མཐུན་ཚོགས་ཀྱིས་བཟོས་པ་དང་། གྲངས་འབོར་མང་དུ་ཕྱིན་པ་དང་བསྟུན་ནས་དུས་ཐོག་ཏུ་དངོས་ཟོག་སྤྲོད་མི་ཐུབ་པའི་སྣང་ཚུལ་ཐེངས་མང་ཐོན་པས། ཐོན་རྫས་གསར་སྤེལ་གྱི་འཕེལ་རིམ་ལ་ཚོད་འཛིན་ཚབས་ཆེན་ཐེབས། དེའི་ཕྱིར་ཧྭ་ཞང་གིས་རང་ཉིད་ཀྱི་བཟོ་དབྱིབས་ལས་གོས་བཟོ་གྲྭ་འཛུགས་རྒྱུའི་ཐག་བཅད། འོན་ཀྱང་སྤྱི་ལོ2015ལོར་ལས་གཞི་མགོ་བརྩམས་པ་ནས་སྤྱི་ལོ2017ལོའི་བར་འཕེལ་རྒྱས་མ་བྱུང་བ་དང་། དེའི་བར་ལས་གཞིའི་འགན་འཁུར་བ་ཐེངས་མང་བརྗེས་ཀྱང་ཡར་རྒྱས་མ་བྱུང་། སྤྱི་ལོ2017ལོའི་ཟླ་བཞི་པར་ཀུང་སིས་ལས་འགན་དེ་ཀུའོ་ལིང་པིང་ལ་སྤྲད་པ་རེད།
ཀུའོ་ལིང་པིང་གིས་ལག་རྩལ་པུའུ་ཡི་ཐོན་རྫས་གསར་སྤེལ་དང་། ལག་རྩལ་ཞབས་ཞུ་དང་ལེགས་བསྒྱུར་བཅས་ཀྱི་རྒྱུན་གཏན་ལས་ཀའི་འགན་འཁུར་བ་ཕུད། ལུགས་ཆས་བཟོ་བའི་ལས་གཞི་གྲབས་འཛུགས་ཀྱི་འགན་གཅིག་ལྕོགས་སུ་བཞེས། ལས་གཞི་དེ་ཁེ་ལས་ཀྱི་རྒྱུན་གཏན་ལས་ཀའི་ཁྱབ་ཁོངས་ལས་བརྒལ་བས་དེའི་ཐད་ཤེས་ལྡན་པ་མི་འདང་ལ། ལས་གཞིའི་ཚོ་ཆུང་ཧྲིལ་བོར་ཁོང་དང་ལས་རོགས་པ་གཅིག་ལས་མེད། བཟོ་དབྱིབས་ཤིག་ལེགས་འགྲུབ་བྱེད་དགོས་ཚེ་བཟོ་རྩལ་དང་། ལས་སྣོན་བཟོ་རྩལ། CNCལས་སྣོན་བྱ་རིམ་སྒྲིག་པ། འཕྲུལ་ཆས་ཇུས་འགོད་སོགས་ཀྱི་ཤེས་ལྡན་མི་སྣ་སྣ་ཚོགས་དགོས། ཚང་མ་ཀླད་ཀོར་ནས་མགོ་བརྩམས་ཏེ་ལས་གཞི་འཆར་འགོད་དང་། ཤེས་ལྡན་པ་གསོ་སྦྱོང་། མི་བསྡུ་བ་བཅས་ནས་སྒྲིག་ཆས་འདེམས་སྒྲུག་དང་། བཟོ་ཁང་འཛུགས་སྐྲུན། ཚོགས་པ་འཛུགས་པ་བཅས་ཀྱི་བར་དུས་ཡུན་ཟླ་བ་ལྔ་རིང་ལས་གཞི་གྲབས་འཛུགས་ལས་ཀ་དུས་ལྟར་ལེགས་གྲུབ་བྱས། ཐེངས་གཅིག་གིས་ཚད་ལོན་བཟོ་དབྱིབས་དང་ལས་གོས་བཟོ་སྐྲུན་བྱས། ཐོན་རྫས་གསར་སྤེལ་གྱི་འཕེལ་རིམ་མགྱོགས་སུ་བཏང་།
ལོ་མང་བོའི་ལག་རྩལ་བྱ་བའི་ཁྲོད་ཀུའོ་ལིང་པིང་གིས་ཐོག་མཐའ་བར་གསུམ་དུ་ཡག་ཐོག་ཡག་བརྩེགས་ཀྱི་ཚན་ཞིབ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ལ། གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་དང་མངོན་གསལ་དོད་པོ་ཐོབ། སྔོན་ཆད་ཚོང་མགྲོན་གྱིས་ཆ་རྒྱུས་ཡོད་པའི་རི་མོ་མཁོ་འདོན་བྱས་པ་བརྟེན་ཐོན་རྫས་གསར་སྤེལ་བྱེད་པ་ནས། ད་ལྟ་ཚོང་མགྲོན་གྱི་ཐོན་རྫས་གསར་བ་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་ཀའི་ནང་ཞུགས་ཡོད། འཕྲུལ་འཁོར་གྱི་བཟོ་དབྱིབས་གསར་བ་ཞིབ་འཇུག་གསར་སྤེལ་བྱེད་པར་ལོ་གཉིས་ཡན་འགོར་ཚེ་ད་གཟོད་གཏན་འཁེལ་ཐུབ་པ་དང་། འཛམ་གླིང་ཁྲོམ་རར་འདོན་སྤྲོད་བྱེད་པས། ཚོང་མགྲོན་གྱི་ཡིད་ཆེས་གང་ལེགས་ཐོབ་ཡོད་ཅིང་ཀུང་སིར་བསྔགས་བརྗོད་ཀྱང་ཐོབ་བོ།།
ཧྭ་ཞང་ཚོགས་པ་བཟོ་སྐྲུན་འཕྲུལ་ཆས་ཀུང་སིའི་ལག་རྩལ་པུའུ་རུ་ལས་ཀ་བྱེད་རིང་། ཀུའོ་ལིང་པིང་ཐོན་རྫས་གསར་སྤེལ་ལས་དོན་ནང་ཞུགས་པ་དང་དེར་གཙོ་སྐྱོང་བྱས་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བ་དང་། རིམ་རྩིས་བྱས་ན་ཐོན་རྫས་སྣ་ཁ་ཆིག་སྟོང་ཙམ་གསར་སྤེལ་བྱས་ཡོད། དེ་དག་ཚེབ་འཁོར་དང་། འདྲེན་འཐེན་འཕྲུལ་འཁོར། ལྗིད་འདེགས་འཕྲུལ་འཁོར། གྲུ་ཁའི་འཕྲུལ་ཆས། ཞིང་ལས་འཕྲུལ་ཆས། ནགས་ཚལ་འཕྲུལ་ཆས། བར་སྣང་ལས་སྒྲུབ། དམིགས་བསལ་འཕྲུལ་ཆས་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད། གསར་སྤེལ་བྱས་པའི་ཚོང་མགྲོན་ནི་རྒྱལ་ཕྱི་ནང་གི་ཁེ་ལས་གྲགས་ཅན་དང་ལས་རིགས་ནང་གི་ཚད་རྒྱུག་ཁེ་ལས་ཡིན།
སྤྱི་ལོ2017ལོར། ལིན་ཧྥུན་གྲོང་ཁྱེར་གྱི“ཧྲི་ཀྲང་གསར་གཏོད་བྱ་དགའ”ཨང་གཉིས་པ་ཐོབ།
སྤྱི་ལོ2018ལོར། ལིན་ཧྥུན་གྲོང་ཁྱེར་གྱི་སྐབས་དང་པོའི“ཕིང་དབྱང་བཟོ་བ”ལ་གདམས།
སྤྱི་ལོ2018ལོར། ཧྲན་ཞི་ཞིང་ཆེན་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ།
སྤྱི་ལོ2018ལོ་དང2019ལོར། ཧྲན་ཞི་ཞིང་ཆེན་གྱི“ཆུང་ལྔ”འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་ཐེངས་གཉིས་ཐོབ།
སྤྱི་ལོ2019ལོར། ཧྲན་ཞི་ཞིང་ཆེན་གྱི“ཅིན་གསུམ་ཤེས་ལྡན་མི་སྣའི”རྒྱབ་སྐྱོར་འཆར་གཞིའི་རྩེར་སོན་རྐང་འཛིན་ཤེས་ལྡན་མི་སྣར་གདམས།
སྤྱི་ལོ2024ལོའི་ཟླ4པར། “སྤྱི་ལོ2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའི་རྟགས་མ”ཐོབ།