ཀྲོའུ་ཅེ་ནི(སྤྱི་ལོ1991ལོའི་ཟླ7པར་སྐྱེས།)ད་ལྟ་ཧུང་མཱ་ཅ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་། ཧུང་མཱ་ཅ་ལས་རིགས་གསོ་སྦྱོང་སློབ་གྲྭའི་སློབ་གཙོའི་འགན་བཅས་གཅིག་ལྕོགས་སུ་བཞེས་ཡོད། ཁོང་གིས་གཞི་རིམ་གྱི་གཙང་སྦྲ་བ་ནས་འགོ་བཙུགས་ཏེ་རང་སྦྱོང་བྱས་པ་བརྒྱུད་ཁྱིམ་སྲིད་ཞབས་ཞུ་བའི་མཐོ་རིམ་བཟོ་པ་དང་རྒན་གསོ་ཞབས་ཞུའི་ལག་རྩལ་པ་སོགས་ལས་རིགས་ཐོབ་ཐང་ལྡན་པའི་རིགས་གཅིག་མཁས་ཅན་དུ་གྱུར་པ་དང་། སྤྱི་ལོ2021ལོར་ཐའེ་ཡོན་གྲོང་ཁྱེར་གྱི་ལས་བཟོའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོའི་རྒན་གསོ་ནད་གཡོག་པའི་ཨང་དང་པོ་ཐོབ་པ་རེད། ཁྱིམ་ལས་ལས་རིགས་ཀྱི་ཚད་གཞི་262གཙོ་ཁྲིད་ཀྱིས་གཏན་འབེབས་བྱས་པའི་ནང་རྣམ་གྲངས4ལས་གནས་སམ་ཚོགས་པའི་ཚད་གཞིར་བཅུག་པ་དང་། ཚོགས་པའི་སྣེ་ཁྲིད་དེ་མི་ཁྲི4ལྷག་ཙམ་གྱི་རྩལ་ནུས་གསོ་སྦྱོང་ལེགས་སྒྲུབ་བྱས། “ལུའེ་ལིའང་ཧྲན་གྱི་ནད་གཡོག་པའི”སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་མ་ཟད་ནད་གཡོག་པ་མི3000ལྷག་ཙམ་གསོ་སྐྱོང་བྱས་ཡོད། སྔ་རྗེས་སུ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་(སྤྱི་ལོ2024ལོ།)དང་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང(སྤྱི་ལོ2025ལོ།)སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
གཞི་རིམ་གྱི་འཚར་ལོངས་ཐབས་ལམ། སྤྱི་ལོ1991ལོའི་ཟླ7པར་ཧྲན་ཤིས་ཞིང་ཆེན་དུ་སྐྱེས། སྤྱི་ལོ2016ལོ་ནས་བཟུང་ཧུང་མཱ་ཅ་ལས་རིགས་གསོ་སྦྱོང་སློབ་གྲྭའི་སློབ་གཙོའི་འགན་བཞེས། ད་ལྟ་ཧུང་མ་ཅ་ཚོགས་པའི་ཏུང་ཧྲི་ཀྲང་གཞོན་པ་ཡིན། འཐབ་ས་དང་པོའི་གཙང་སྦྲ་བྱེད་མཁན་ནས་གཙང་སྦྲ་གསོ་སྦྱོང་དགེ་རྒན་དང་། མཐོ་རིམ་ཁྱིམ་སྲིད་གསོ་སྦྱོང་དགེ་རྒན། གཙང་སྦྲ་གཙོ་གཉེར་བ་བཅས་ནས་ཚོགས་པའི་མཐོ་རིམ་དོ་དམ་པའི་བར་རིམ་བཞིན་རིམ་སྤོར་བྱས་པ་རེད།
ལས་རིགས་ཚད་ལྡན་ཅན་འཛུགས་སྐྱོང་། ངལ་རྩོལ་དཔེ་བཟང་གསར་གཏོད་ལས་དོན་ཁང་གཏོད་པ་དང་ཁྱིམ་ལས་ཞབས་ཞུའི་ཚད་གཞི་ཁག262གཙོ་ཁྲིད་སྒྲིག་བཟོ་བྱས་པའི་ནང་།《ཁྱིམ་ཚང་གི་གཙང་སྦྲའི་ཞབས་ཞུའི་ཚད་གཞི》སོགས་ཚད་གཞི་བཞི་ཧྲན་ཤིས་ཞིང་ཆེན་གྱི་ས་གནས་ཚད་གཞིའམ་ཡང་ན་ཚོགས་པའི་ཚད་གཞིའི་ནང་བཅུག་ནས་ལས་རིགས་ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྩལ་ནུས་དབུལ་སྐྱོར། སྤྱི་ལོ2016ལོ་ནས་སྤྱི་ལོ2024ལོའི་བར་ཚོགས་པའི་སྣེ་ཁྲིད་དེ་ལུའེ་ལིའང་ཧྲན་སྲུང་སྐྱོང་ལས་དོན་གྱི་གསོ་སྦྱོང་རྣམ་གྲངས་ལག་བསྟར་བྱས་ནས་ནད་གཡོག་པ3000ལྷག་ཙམ་གསོ་སྐྱོང་བྱས་པ་དང་རྣམ་གྲངས་དེ་ཧྲན་ཤིས་ཞིང་ཆེན་གྱི་གནད་སྨིན་དབུལ་སྐྱོར་གྱི་གཙོ་གནད་དུ་གྱུར།
ལས་ཞུགས་སྐུལ་འདེད། སྤྱི་ལོ2024ལོ་བར་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་དུས་ཐེངས300ལྷག་ཙམ་བྱས་པ་དང་། ཁྱིམ་ལས་རྩལ་ནུས་ཤེས་ལྡན་པ་མི་ཁྲི4ལྷག་ཙམ་གསོ་སྐྱོང་བྱས་པ། མི་ཁྲི2ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད།
སྤྱི་ལོ2020ལོའི་ཟླ12པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་པ་ལས་མིར་བདམས།
སྤྱི་ལོ2021ལོར་ཧྲན་ཤིས་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་བར་བདམས།
སྤྱི་ལོ2024ལོའི་ཟླ3པར།རྒྱལ་ཡོངས་ཀྱི“ཁྱིམ་སྲིད་མི་སྣ་ཡག་ཤོས”སུ་བདམས།
སྤྱི་ལོ2024ལོའི་ཟླ4པར། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ།
སྤྱི་ལོ2025ལོའི་ཟླ4པར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དུ་བདམས།
ཁྱིམ་སྲིད་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། སྤྱི་ལོ2022ལོའི་ཟླ3པར་ཧྲན་ཤིས་ཞིང་ཆེན་ཚོང་དོན་ཐིང་གི་བཞུགས་མོལ་ཚོགས་འདུའི་ཐོག་ལས་རིགས་སྲིད་ཇུས་ཀྱི་རེ་འདུན་བཏོན་ནས། རིམས་ནད་བྱུང་རིང་ལ་ཁེ་ལས་ཀྱི་གཉེར་སྐྱོང་དཀའ་ངལ་སེལ་རྒྱུར་སྐུལ་འདེད་བཏང་བ་རེད།