ཀྲང་ཝང་།སྔ་མའི་པར་གཞི་དེ མིང་གསང་RhAr78538  ནས 2026-04-08 15:27ལ་འགྲུབ།

ཀྲང་ཝང་།

ཀྲང་ཝང་།
ཀྲང་ཝང་ནི་ཧྲན་ཞི་དབྱི་ཅ་ཅུས་མེ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་གྲྭའི་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་བཟོ་སྐྲུན་པ་ཡིན། སྤྱི་ལོ2024ལོའི་ཟླ4པར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ། རྒྱལ་ཁབ་ཀྱི་ཆེད་ཕན་ལག་རྩལ་གསར་གཏོད་ཁག6གཙོ་སྐྱོང་བྱས་ནས་ཚོགས་པའི་སྣེ་ཁྲིད་དེ་རང་འགུལ་རྒྱུན་མཐུད་རྣམ་པའི་གནོན་གཅོག་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ཡོད། ཞིང་ཆེན་རིམ་པའི་ལས་བཟོའི་གསར་གཏོད་ལས་དོན་ཁང་གིས“དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པའི”ལམ་སྲོལ་བརྒྱུད་ལག་རྩལ་མི་སྣ་མང་པོ་གསོ་སྐྱོང་བྱས་ཡོད། སྔ་རྗེས་སུ་ཐའེ་ཡོན་གྲོང་ཁྱེར་ངལ་རྩོལ་འགྲན་བསྡུར་ཨུ་ཡོན་ལྷན་ཁང་གིས་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་བཞི་བཀོད་པ་དང་། ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གཞོན་ནུའི་ལས་གཏོད་བྱ་དགའ་དང་ཧྲན་ཞི་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད། སྤྱི་ལོ2020ལོར་ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཞུགས་པ་དང་། དེའི་རིང“ཕུལ་བྱུང་སློབ་མ”དང་“ཕུལ་བྱུང་སློབ་མའི་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张旺
རྒྱལ་ཁོངས།
ཀྲུང་གོ །
གོ་གནས།
བཟོ་སྐྲུན་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་བཟོ་སྐྲུན་པ།
གཟེངས་རྟགས།
སྤྱི་ལོ2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས།
གྲུབ་འབྲས་གཙོ་བོ།
རྒྱལ་ཁབ་ཀྱི་ཆེད་ཕན་ལག་རྩལ་གསར་གཏོད་རྣམ་གྲངས་ཁག་དྲུག ། ཞིང་ཆེན་རིམ་པའི་ལས་བཟོ་པའི་གསར་གཏོད་ལས་སྒྲུབ་ཁང་། མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་བཞི། ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གཞོན་ནུའི་ལས་གཏོད་བྱ་དགའ། ཧྲན་ཞི་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་།
འགན་བཞེས་ཁེ་ལས།
ཧྲན་ཞི་ཡེ་ཅཱ་ཅུས་མེ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སི།
1 མི་སྣའི་ལོ་རྒྱུས།

ཁོ་ནི་ཧྲན་ཞི་དབྱི་ཅ་ཅུས་མེ་ཁོར་ཡུག་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོ་སྐྲུན་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་བཟོ་བཀོད་པ་ཡིན། ཀྲང་ཝང་སློབ་ཆེན་ནས་ཐོན་རྗེས་ས་ཆ་གཞན་དུ་ལས་ཀ་བྱེད་མྱོང་བ་དང་། རྗེས་སུ་ཧྲན་ཞིར་ལོག་ནས་ལས་གཏོད་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལས་གྲྭའི་ཁྱབ་ཁོངས་ལ་བློ་རྩེ་གཅིག་ཏུ་གཞོལ་བ་རེད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་འབྲེལ་གསར་གཏོད་ལས་དོན་ཁང་བརྒྱུད་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས་པ་རེད།

2 མི་སྣའི་བྱས་རྗེས།

ཀྲང་ཝང་གིས་དཀའ་སྤྱད་འབད་བརྩོན་གྱིས་ཨར་ལས་ཐོན་སྐྱེད་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པས་ལག་རྩལ་གསར་གཏོད་ཁག6ལ་རྒྱལ་ཁབ་ཀྱི་ཆེད་ཕན་བདག་དབང་ཐོབ། སྤྱི་ལོ2019ལོའི་ལོ་མཇུག་བར་ཀྲང་ཝང་གིས་མིང་བཏགས་པའི་ཞིང་ཆེན་རིམ་པའི་ལས་བཟོའི་གསར་གཏོད་ལས་དོན་ཁང་གིས་གསར་གཏོད་གྲུབ་འབྲས་ཁྱོན20ལྷག་ཙམ་ལེགས་སྒྲུབ་བྱས་པའི་ནང་རྒྱལ་ཁབ་ཀྱི་གསར་གཏོད་ཆེད་ཕན་བདག་ཐོབ1དང་། དངོས་སྤྱོད་དཔེ་གསར་གྱི་ཆེད་ཕན་བདག་ཐོབ12 ཕྱི་ཚུལ་ཆེད་ཕན་བདག་ཐོབ1བཅས་ཐོབ་ཡོད།

སྤྱི་ལོ2024ལོར་ཀྲང་ཝང་གི་སྣེ་ཁྲིད་འོག་ཁེ་ལས་ཀྱིས་ལས་རིགས་ནང་ཁུལ་གྱི་སྔོན་ཐོན་གྱི་རང་འགུལ་རྒྱུན་མཐུད་རྣམ་པའི་གནོན་བཟོ་ཐོན་སྐྱེད་སྒྲུབ་རིམ་དང་རང་འགུལ་རྒྱུན་མཐུད་རྣམ་པའི་ཞི་གློག་གཏོར་བྱུག་ཐོན་སྐྱེད་སྒྲུབ་རིམ་མང་པོ་བསྐྲུན་པས། ཐོན་སྐྱེད་ལས་ཆོད་ཆེས་ཆེར་འཕར་ནས་དཔལ་འབྱོར་ཕན་འབྲས་སྒོར་ཁྲི180ལྷག་བཏོད་པ་རེད།

ཀྲང་ཝང་གིས་སྣེ་ཁྲིད་པའི་ལག་རྩལ་སྒྱུར་བཀོད་ཚོགས་པས་རླུང་དོང་རླུང་གནོན་ཤུགས་ལ་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད་མཐར་རླུང་འགོག་རྡུལ་འགོག་དྲ་བ་དང་སྒྲ་འགོག་སྲུང་ཡོལ་གྱི་ལག་རྩལ་རིམ་སྤོར་ལེགས་གྲུབ་བྱུང་ནས་སྲོལ་རྒྱུན་བཟོ་རྩལ་གྱི་རླུང་འགོག་རྡུལ་འགོག་དྲ་བའི་རྡུལ་འགོག་ཚད་དེ་སྔའི་75%ནས85%བར་མཐོ་རུ་ཕྱིན་པ་དང་། སྒྲ་འགོག་སྲུང་ཡོལ་གྱི་འཛེར་སྒྲ་དམའ་རུ་འགྲོ་ཚད་དེ་སྔའི25dBནས33dBབར་སླེབས་པ་རེད།

ཉེ་བའི་ལོ་ཤས་རིང་། ཀྲང་ཝང་གིས་སྣེ་ཁྲིད་པའི《མགྱོགས་མྱུར་དང་སྔར་བས་བརྗེ་བའི་རླུང་འགོག་རྡུལ་འགོག་དྲ་བ》དང་།《ཕན་ནུས་ཆེ་བའི་སྒྲ་འགོག་སྲུང་ཡོལ》《རྡུལ་འགོག་མཛུབ་སྟོན་བྱང་བུ》《མགྱོགས་མྱུར་དང་སྔར་བས་བརྗེ་བའི་ལོགས་བཀར་དྲ་བ》སོགས་ལག་རྩལ་གསར་གཏོད་གྲུབ་འབྲས་ལ་སྔ་རྗེས་སུ་ཐའེ་ཡོན་གྲོང་ཁྱེར་གྱི་ལས་བཟོའི“ཆུང་བ་ལྔའི”ལས་གནས་གསར་གཏོད་འགྲན་བསྡུར་གྱི་བྱ་དགའ་རིམ་པ་གཉིས་པ་ཐོབ།

ལས་ཀ་ལོ་མང་བྱས་ཀྱང་ཀྲང་ཝང་གིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་མཐའ་འཁྱོངས་བྱས་པ་དང་འབྲེལ་ཉེ་འགྲམ་གྱི་ལས་རོགས་ཚོར་སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་ཁྲིད་བྱས་ཡོད། ཁོང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་དོན་དངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལས་གྲྭའི་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་རེད། དེ་དང་ཆབས་ཅིག་སློབ་སྦྱོང་བྱེད་རིང་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་ཨར་ལས་ལག་རྩལ་དོ་དམ་ཚད་ལྡན་ཅན་དང་གོ་རིམ་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ནས་ལས་གྲྭའི་སྤུས་ཚད་དོ་དམ་གོ་རིམ་ལྡན་པ་དང་ཚོད་འཛིན་ཐུབ་པ་བྱུང་ཡོད།

ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ཁོང་གིས་ལག་རྩལ་མི་སྣ་དང་ལྟ་སྦྱོང་སློབ་མ་སྒྲིག་འཛུགས་བྱས་ནས་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི་བྱེད་སྒོ་སྤེལ་བས། རྒན་པས་གསར་དུ་ཁྲིད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་ཞིག་ཆགས་པ་རེད། སྤྱི་ལོ2019ལོར“ཀྲང་ཝང་ལས་བཟོའི་གསར་གཏོད་ལས་དོན་ཁང”དེ་ཞིང་ཆེན་རིམ་པའི་ལས་བཟོའི་གསར་གཏོད་ལས་དོན་ཁང་དུ་བདམས་པ་རེད། དེའི་སྣེ་ཁྲིད་འོག་ཀུང་སིར་སྔ་རྗེས་སུ་ཧྲན་ཞི་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཁེ་ལས་དང་། ཧྲན་ཞི་ཞིང་ཆེན་གྱི“ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ཁེ་ལས། ཧྲན་ཞི་ཞིང་ཆེན་གྱི་དམངས་གཉེར་ཚན་རྩལ་ཁེ་ལས་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་པ་རེད། ཀྲང་ཝང་གིས་ལས་དོན་ཁང་དེ་ལག་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྟེན་གཞིར་བྱས། ཁོང་གིས་ཁྲིད་པའི་དགེ་ཕྲུག་བཅུ་གྲངས་ཀྱི་ནང་ནས་མི5ལ་ལས་རོགས་བཟོ་སྐྲུན་པའི་ཐོབ་དཔང་ཐོབ་པ་དང་། མི་གཉིས་ལ་བཟོ་སྐྲུན་པའི་ཐོབ་དཔང་ཐོབ། མི་གཅིག་ལ“ཅིན་ཡོན་བཟོ་པའི”གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2020ལོར་ཀྲང་ཝང་ལ་ཀྲུང་གོ་ངལ་རྩོལ་འབྲེལ་བའི་སློབ་གླིང་ངལ་རྩོལ་དཔེ་བཟང་སློབ་གླིང་གི་སློབ་བསྡུའི་བརྡ་ཐོ་འབྱོར་ནས་སླར་ཡང་སློབ་ཁང་དུ་བསྐྱོད་དེ་རང་ཉིད་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། སློབ་སྦྱོང་བྱེད་རིང་ཁོང་ལ་སྔ་རྗེས་སུ“ཕུལ་བྱུང་སློབ་མ”དང་། “ལེགས་སྐྱེས་ཡག་ཤོས་ཀྱི་བྱ་དགའ”“ཕུལ་བྱུང་སློབ་མའི་ལས་བྱེད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

3  སྒེར་གྱི་འཚོ་བ།

ཀྲང་ཝང་ནི་ངལ་རྩོལ་དཔེ་བཟང་སློབ་གླིང་གི་སྤྱི་ལོ2020ལོའི་སློབ་མ་ཡིན་པ་དང་ཧྲན་ཞི་ཞིང་ཆེན་ངལ་རྩོལ་དཔེ་བཟང་དང་། ཧྲན་ཞི་ཞིང་ཆེན་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས། ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གཞོན་ནུའི་ལས་གཏོད་བྱ་དགའ།(ཕུལ་བྱུང་གཞོན་ནུ་ཆེ་གྲས་བཅུ།)ཐའེ་ཡོན་གྲོང་ཁྱེར་ཅིན་ཡོན་ཆུས་ཅིན་ཡོན་ལག་ཤེས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། ཁོང་ལ“ཤེས་བྱ་ནི་རྒྱུ་ནོར་ཡིན”ཞེས་པའི་ལྟ་བ་ཡོད་པ་དང་། རྒྱུན་མཐུད་སློབ་སྦྱོང་བྱེད་པར་དོ་སྣང་བྱས་པ་མ་ཟད། ཀྲུང་གོའི་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་སློབ་གླིང་དུ་ཟབ་སྦྱོང་བྱེད་པར་བདམས་ཏེ།ཤེས་བྱ་གསར་སྒྱུར་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

སྤྱི་ལོ2021ལོར་ཁོང་ཀྲུང་གོ་ངལ་རྩོལ་འབྲེལ་བའི་སློབ་གླིང་གི་ངལ་རྩོལ་དཔེ་བཟང་གསར་གཏོད་ལས་དོན་ཁང་གི་གླེང་སྟེགས་སྐབས་དང་པོར་ཞུགས་ནས་ལས་བཟོའི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ་གསར་གཏོད་ལ་སྣེ་ཁྲིད་དང་། གསར་གཏོད་ལ་སྐུལ་ལྕག་བཅས་བྱས་ཏེ་གསར་གཏོད་དེ་ཀུང་སིའི་སྤུས་རྟགས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁོང་གིས་ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་ལ་སྣང་ཆེན་བྱས་ཏེ་འཐུས་སྒོ་ཚང་བའི་ཐོན་རྫས་འགན་ལེན་གསུམ་དང་། ཚོང་ཟོག་ཕྱིར་སློག ཚོང་ཟོག་བརྗེ་བའི་ལམ་ལུགས། སྐུ་མགྲོན་བློ་ཡིད་ཚིམ་ཚད་བརྟག་དཔྱད་ལམ་ལུགས་བཅས་བཙུགས་པ་དང་འབྲེལ་དུས་བཀག་ལྟར་ལས་མི་སྒྲིག་འཛུགས་བྱས་ནས་ལས་རིགས་ཀུན་སྤྱོད་དང་གཉེར་སྐྱོང་དོ་དམ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་ཏེ་ཞབས་ཞུའི་ཆུ་ཚད་དང་སྤྱི་ཚོགས་ཀྱི་སྣང་བརྙན་མཐོ་རུ་བཏང་བ་རེད།

4 ​གཟི་བརྗིད་མཚན་སྙན།

ཀྲང་ཝང་ལ་སྔ་རྗེས་སུ་ཐའེ་ཡོན་གྲོང་ཁྱེར་ངལ་རྩོལ་འགྲན་བསྡུར་ཨུ་ལྷན་གྱིས་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་བཞི་བཞག་པ་དང་འབྲེལ་ཧྲན་ཞི་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་དང་། ཧྲན་ཞི་ཞིང་ཆེན་གྱི་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས། ཧྲན་ཞི་ཞིང་ཆེན་གྱི་ཕུལ་བྱུང་གཞོན་ནུའི་ལས་གཏོད་བྱ་དགའ། ཐའེ་ཡོན་གྲོང་ཁྱེར་གྱི་ཅིན་ཡོན་ཁུལ་གྱི་ཅིན་ཡོན་ལག་ཤེས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་།

སྤྱི་ལོ2024ལོའི་ཟླ4པར། སྤྱི་ལོ2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ།