ཆུ་བྱ་དང་ཉ།སྟ་རེ་བྲིས་པའི་ཚོན་ལྡན་རྫ་ཕོར།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:10ལ་འགྲུབ།

ཆུ་བྱ་དང་ཉ།སྟ་རེ་བྲིས་པའི་ཚོན་ལྡན་རྫ་ཕོར།

ཆུ་བྱ་དང་ཉ།སྟ་རེ་བྲིས་པའི་ཚོན་ལྡན་རྫ་ཕོར།
ཆུ་བྱ་དང་ཉ། སྟ་རེ་བྲིས་པའི་ཚོན་ལྡན་རྫ་ཕོར་འདི་ནི། 1978ལོར་ཧོ་ནན་ཞིང་ཆེན་རུའུ་ཀྲོའུ་གྲོང་ཁྱེར་ནས་རྙེད་པ་ཡིན། རྫ་ཕོར་འདི་ཉིད་རྡོ་བྱེ་བསྲེགས་ནས་གྲུབ་པ་ཞིག་ཡིན་འདུག་ལ། མཐོ་ཚད་ལ་ལི་སྨི47དང་ཁ་ཚད་ལ་ལི་སྨི32.7དང་ཞབས་ཀྱི་ཚད་ལ་ལི་སྨི19.5བཅས་མཆིས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鹳鱼石斧图彩绘陶缸
ཉར་ཡུལ།
ཀྲུང་གོ་རྒྱལ་གཉེར་རྟེན་མཛོད་ཁང་།
དུས་སྐབས།
ལོ་ངོ་6000ནས7000གི་སྔོན།
1 ངོ་སྤྲོད་མདོར་བསྡུས།

ཆུ་བྱ་དང་ཉ། སྟ་རེ་བྲིས་པའི་ཚོན་ལྡན་རྫ་ཕོར་འདི་ནི། 1978ལོར་ཧོ་ནན་ཞིང་ཆེན་རུའུ་ཀྲོའུ་གྲོང་ཁྱེར་ནས་རྙེད་པ་ཡིན། རྫ་ཕོར་འདི་ཉིད་རྡོ་བྱེ་བསྲེགས་ནས་གྲུབ་པ་ཞིག་ཡིན་འདུག་ལ། མཐོ་ཚད་ལ་ལི་སྨི47དང་ཁ་ཚད་ལ་ལི་སྨི32.7དང་ཞབས་ཀྱི་ཚད་ལ་ལི་སྨི19.5བཅས་མཆིས། རྫ་ཕོར་ངོས་སུ་མཐོ་ཚད་ལ་ལི་སྨི37དང་ཞེང་ལ་ལི་སྨི44ཡོད་པའི་ཚོན་རིས་ཤིག་བྲིས་ཡོད་པ་དེ་ནི་ཀྲུང་གོར་རྙེད་པའི་ཆེས་སྔ་ཞིང་བོངས་ཆེས་ཆེ་བའི་རྫ་རིས་སུ་བརྩི། རི་མོའི་གཡས་ངོས་ནི་ཀེར་ལངས་བྱས་པའི་ཆུ་བྱ་དཀར་པོ་མིག་ཟུང་སྒོར་ཞིང་མཆུ་ཏོ་རིང་པོ་ཅན་ཞིག་ཡིན་ལ། མཆུ་ཏོས་ཉ་དཀར་པོ་ཞིག་འཛིན་པའི་ཚུལ་བསྟན་ཡོད་པར། ཉའི་ཕྱི་དབྱིབས་ཐིག་རྩ་ནག་པོས་གསལ་པོར་བྲིས་ཡོད། གཡོན་ངོས་སུ་རྡོའི་སྟ་རེ་ཞིག་བྲིས་ཡོད་ཅིང་། སྟ་མགོ་དང་སྟ་ཡུ་དམ་པོར་བསྡམས་ཏེ་སྟ་ཡུའི་སྟེང་“X”དབྱིབས་ཀྱི་རྟགས་མཚན་ཡང་བྲིས། ལ་ཤས་ནས་འདིར་བྲིས་པའི་ཆུ་བྱ་དཀར་པོ་ནི་རང་ཕྱོགས་ཀྱི་ཐོ་ཐེམ་མཚོན་བྱེད་དང་། ཉ་ནི་དགྲ་ཕྱོགས་ཀྱི་ཐོ་ཐེམ་མཚོན་བྱེད་ཡིན་པར་བཤད་ཅིང་། སྐབས་དེའི་ཚེ་སྡེའི་མགོ་པ་ག་གེ་མོས་རང་ཕྱོགས་ཚེ་བ་དཔུང་ཁྲིད་དེ་དགྲ་ཕྱོགས་ཚོ་བ་ཕམ་པར་བྱས་པ་ལ། རྡོའི་སྟ་རེས་དབང་ཆ་མཚོན་བཞིན་ཡོད་པར་འདོད། རི་མོ་འདི་གསོན་ཉམས་ལྡན་ཞིང་ཚོན་རིས་འབྱོངས་ལ་ཐིག་རྩ་གསལ་བས། ཀྲུང་གོའི་རི་མོའི་ཁུངས་ཡིན་པར་བལྟ། 2002ལོར་རྒྱལ་ཁབ་རིག་དངོས་ཅུས་ནས《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་དང་པོའི་དཀར་ཆག》ཏུ་བསྡུས་སོ། །


བརྡ་འགྲེལ་གདོང་འཛར།

ཆུ་བྱ། ཉ། སྟ་རེ།