ཧོམ་ཏུའི་རྫ་ཐབ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:10ལ་འགྲུབ།

ཧོམ་ཏུའི་རྫ་ཐབ།

ཧོམ་ཏུའི་རྫ་ཐབ།
རྫ་ཐབ་འདི་བྱེ་ཟེགས་བསྲེས་ནས་བཟོས་པའི་རྫ་ཆས་ཀྱིས་གྲུབ་ཅིང་། མཐོ་ཚད་ལ་ལི་སྨི25དང་རིང་ཚད་ལ་ལི་སྨི55དང་ཁ་ཚད་ལ་ལི་སྨི38.5བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河姆渡陶灶
ཉར་ཡུལ།
ཀྲེ་ཅང་ཞིང་ཆེན་རྟེན་མཛོད་ཁང་།
དུས་སྐབས།
ལོ་ངོ་6000ནས7000གི་སྔོན།
1 ངོ་སྤྲོད་མདོར་བསྡུས།

1977ལོར་གནའ་དཔྱད་རིག་པ་བས་ཧོམ་ཏུ་གནའ་ཤུལ་ལས་རྙེད་པའི་རྫ་ཐབ་འདི་ནི་རང་རྒྱལ་ནས་རྙེད་པའི་ཆེས་སྔ་བའི་ཁོག་མ་བཞག་ཆོག་གི་ཐབ་ཀ་ཡིན། རྫ་ཐབ་དེ་བྱེ་ཟེགས་བསྲེས་ནས་བཟོས་པའི་རྫ་ཆས་ཀྱིས་གྲུབ་ཅིང་། མཐོ་ཚད་ལ་ལི་སྨི25དང་རིང་ཚད་ལ་ལི་སྨི55དང་ཁ་ཚད་ལ་ལི་སྨི38.5བཅས་ཡོད། རྫ་ཐབ་ཀྱི་ཕྱི་དབྱིབས་སྙུགས་གཞོང་ཞིག་དང་ཆ་འདྲ་ལ། ནང་ཁོག་ཏུ་ཅུང་ཟད་སྦོམ་པའི་རྐང་པ་གསུམ་སྤྲད་ཡོད་པར། ཁོག་མ་སོགས་སླ་ངའི་རིགས་བཞག་ཆོག་ཅིང་། བེད་སྤྱོད་སྐབས་དེའི་ཞབས་ནས་བུད་ཤིང་འབུད་དགོས། རྫ་ཁོག་ཏུ་མེ་འབུད་སྐབས་དེའི་ཐབ་སུག་དང་ཐབ་ངོས་ཀྱིས་མེ་ལྕེ་བཀག་སྟེ་ཕྱིར་མཆེད་དུ་མི་འཇུག་སྟབས། ཧོམ་ཏུའི་གནའ་མི་དག་གིས་ཤིང་ཁང་མེར་ཤོར་རྒྱུར་སེམས་ཁྲལ་བྱེད་མི་དགོས། ལ་ཤས་ནས་རྫ་ཐབ་འདི་ནི་མཚོ་གྲུའི་ནང་བཀོལ་རྒྱུའི་ཐབ་ཀ་ཤིག་ཡིན་པར་ཡང་བཤད། རྫ་ཐབ་ནི་འཚོ་བའི་ཉེར་སྤྱོད་ཡོ་ཆས་གལ་ཆེན་ཞིག་ཡིན་སྟབས། ཧོམ་ཏུ་གནའ་ཤུལ་ལས་བུད་པའི་རིག་དངོས་ཁྲོད་ཧ་ཅང་མཐོང་དཀོན་པོའི་རིགས་སུ་གཏོགས་ཤིང་། སྐབས་དེའི་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོན་པོར་སོན་པའི་དན་རྟགས་སུ་གྱུར་ཡོད། གདོད་མའི་མི་རྣམས་ཀྱིས་སྤྱིར་བཏང་ས་བསློགས་ནས་ཐབ་ཀ་བཟོ་བ་ཡིན་སྟབས། ཧོམ་ཏུ་ནས་རྫ་ཐབ་རྙེད་པ་འདིས་ཀྲུང་གོའི་གནའ་རབས་ཐབ་ཀའི་ཇུས་འགོད་ལ“གསར་བརྗེ”བྱུང་བར་ཆ་འཇོག་བྱས་རུང་ཆོག་གོ །

བརྡ་འགྲེལ་གདོང་འཛར།

ཧོམ་ཏུ་གནའ་ཤུལ། ཧོམ་ཏུ། རྫ་ཐབ།