ཧོམ་ཏུའི་རྫ་བཟོས་ཕག།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:10ལ་འགྲུབ།

ཧོམ་ཏུའི་རྫ་བཟོས་ཕག།

ཧོམ་ཏུའི་རྫ་བཟོས་ཕག།
ཧོམ་ཏུ་གནའ་ཤུལ་ཁྲོད་ཕག་གི་རུས་པ་དང་ཕག་གི་མཆེ་བ་རྙེད་ཡོད་ཅིང་། རྫ་ཆས་ཀྱིས་བཟོས་པའི་ཕག་ཅིག་ཀྱང་མཆིས། ཕག་དེའི་གཟུགས་ཀྱི་རིང་ཚད་ལ་ལི་སྨི6.7དང་མཐོ་ཚད་ལ་ལི་སྨི4.2ཡོད་པ་དང་། གཟུགས་གཞི་ཚོ་ཞིང་སྦོམ་ལ་སྤུ་གཟེངས་ཤིང་མགོ་ཆེ། དེ་མིན་ཁ་གདངས་ཤིང་སུག་བཞི་བསྣོལ་ཏེ་སྔུན་ལ་རྒྱུག་རྩིས་བྱེད་པའི་བཟོ་ཐོན་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河姆渡陶猪
ཉར་ཡུལ།
ཀྲུང་གོ་རྒྱལ་གཉེར་རྟེན་མཛོད་ཁང་།
དུས་སྐབས།
ལོ་ངོ་7000ཡས་མས་ཀྱི་སྔོན།
1 ངོ་སྤྲོད་མདོར་བསྡུས།

ཕག་ནི་སའི་གོ་ལའི་སྟེང་ཆེས་སྔ་བའི་སྲོག་ཆགས་རིགས་ཤིག་ཡིན་ལ། ད་ལྟའི་བར་ལོ་ངོ་བྱེ་བ4ཡི་ལོ་རྒྱུས་ཡོད། ཀྲུང་གོ་ནི་ཕག་འདུལ་གསོ་བྱེད་སའི་ས་ཁུལ་ཆེས་སྔ་བའི་གྲས་ཡིན་པ་དང་ལོ་ངོ་8000ཀྱི་ལོ་རྒྱུས་མཆིས། ཕག་དང་རྟ། ནོར། ལུག། བྱ། ཁྱི་བཅས་ནི་ཀྲུང་གོའི་ཤའི་ཐོན་ཁུངས་གཙོ་བོར་གྱུར་པའི་སྒོ་ཕྱུགས་གལ་ཆེན་དྲུག་ཡིན། རྒྱ་ཡིག“家”ཞེས་པའི་འདྲ་གཟུགས་ཡི་གེས་ཀྱང་དོན་ལ་ཁྱིམ་དུ་ཕག་གསོས་ཡོད་པའི་དོན་བསྟན་ཡོད། ལོ་ངོ་7000སྔོན་གྱི་ཧོམ་ཏུའི་མི་དག་གིས་ཆུ་འབྲས་འདེབས་གསོ་བྱེད་པ་ཕུད། ད་དུང་ཁྱིམ་དུ་ཕག་དང་ཁྱི། ཆུ་གླང་སོགས་གསོ་བཞིན་ཡོད། ཧོམ་ཏུ་གནའ་ཤུལ་ཁྲོད་ཕག་གི་རུས་པ་དང་ཕག་གི་མཆེ་བ་རྙེད་ཡོད་ཅིང་། རྫ་ཆས་ཀྱིས་བཟོས་པའི་ཕག་ཅིག་ཀྱང་མཆིས། ཕག་དེའི་གཟུགས་ཀྱི་རིང་ཚད་ལ་ལི་སྨི6.7དང་མཐོ་ཚད་ལ་ལི་སྨི4.2ཡོད་པ་དང་། གཟུགས་གཞི་ཚོ་ཞིང་སྦོམ་ལ་སྤུ་གཟེངས་ཤིང་མགོ་ཆེ། དེ་མིན་ཁ་གདངས་ཤིང་སུག་བཞི་བསྣོལ་ཏེ་སྔུན་ལ་རྒྱུག་རྩིས་བྱེད་པའི་བཟོ་ཐོན་ཡོད་དོ། ། ཕག་རྒོད་ནི་གཟན་ཆས་འཚོལ་དགོས་པས་མཆུ་རིང་པོ་ཅན་ཡིན་མོད། ཁྱིམ་གསོས་ཕག་ནི་གཟན་ཆས་ཆེད་དུ་འཚོལ་མི་དགོས་སྟབས་མཆུ་ཇེ་ཐུང་ལ་སོང་ཡོད། རྫ་བཟོས་ཕག་འདིའི་གཟུགས་གཞི་ཕག་རྒོད་དང་མཚུངས་པར་སྣང་ནའང་། ཕག་གི་མཆུ་ཏོ་ཐུང་བས་གསོས་ཕག་ཡིན་པ་གསལ། ་ཕུད། གནའ་དཔྱད་རིག་པ་བ་དག་གིས་ད་དུང་གནས་དེར་ཕག་རིས་བྲིས་པའི་རྫ་སྣོད་ཀྱང་རྙེད་ཡོད། དེའི་སྟེང་གི་ཕག་ནི་མཆུ་རིང་པོ་ཅན་ཡིན་པས་ཕག་རྒོད་ཡིན་ཤས་ཆེ། ཧོམ་ཏུ་གནའ་ཤུལ་ལས་ཕག་གི་རུས་པ་དང་ཕག་གི་མཆེ་བ། རྫ་བཟོས་ཕག། རྫ་སྣོད་ཕག་རིས་ཅན་སོགས་རྙེད་པ་ལས། གནའ་མི་དག་གིས་ཕག་རྒོད་འདུལ་སྦྱོང་བྱས་པའི་ལོ་རྒྱུས་རྟོགས་ཐུབ་བོ། །


བརྡ་འགྲེལ་གདོང་འཛར།

རྫ་སྣོད། ཕག་རིས་ཅན། ལོ་རྒྱུས།