ཧོམ་ཏུའི་དཀར་ཡོལ་ཚོས་དམར་ཅན།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:10ལ་འགྲུབ།

ཧོམ་ཏུའི་དཀར་ཡོལ་ཚོས་དམར་ཅན།

ཧོམ་ཏུའི་དཀར་ཡོལ་ཚོས་དམར་ཅན།
1978ལོར་ཀྲེ་ཅང་ཞིང་ཆེན་ཧོམ་ཏུ་གནའ་ཤུལ་ལས་ཤིང་ལས་བཟོས་པའི་དཀར་ཡོལ་ཚོས་དམར་ཅན་ཞིག་རྙེད། དེའི་མཐོ་ཚད་ལ་ལི་སྨི5.7ཡོད་ཅིང་ཞབས་ཀྱི་ཚད་ལ་ལི་སྨི7.2ནས7.6དང་། ཁ་ཚད་ལ་ལི་སྨི9.2ནས10.6ཡོད་ལ། འཇོང་དབྱིབས་བཀྱེད་གཟུགས་ཅན་དང་ཞབས་སྒོར་མོ་ཅན་ཞིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河姆渡朱漆碗
ཉར་ཡུལ།
ཀྲེ་ཅང་ཞིང་ཆེན་རྟེན་མཛོད་ཁང་།
དུས་སྐབས།
ལོ་ངོ་7000ཡས་མས་ཀྱི་སྔོན།
1 ངོ་སྤྲོད་མདོར་བསྡུས།

ཚེས་ནི་རུལ་འགོག་བཙའ་འགོག་གི་ནུས་པ་མངའ་བའི་བྱུགས་རྫས་ཁྱད་པར་བ་ཞིག་ཡིན་ལ། ཤས་ཆེར་འཛུགས་སྐྲུན་དངོས་པོ་དང་ཁྱིམ་ཆས་སོགས་སུ་སྤྱོད། ཚོས་ལ་རང་བྱུང་དང་བཅོས་མ་རིགས་གཉིས་ཡོད་ཅིང་། ཀྲུང་གོའི་གནའ་མི་དག་གིས་སྤྱིར་བཏང་རང་བྱུང་གི་ཚོས་རིགས་སྤྱོད། རང་བྱུང་ཚོས་ནི་སྡོང་པོ་ལས་བྱུང་ཞིང་ཚོས་ལྡན་སྡོང་པོར་ཐང་ཆུའི་འབྱར་བག་ཀྱང་ཡོད་པས། མཁའ་དབུགས་དང་འཕྲད་ཚེ་མདོག་དམར་པོར་འགྱུར་ཞིང་གཏེར་རྒྱུ་གཞན་དང་བསྲེས་ན་མདོག་སྣ་ཚོགས་འབྱུང་ངོ་། ། 1978ལོར་ཀྲེ་ཅང་ཞིང་ཆེན་ཧོམ་ཏུ་གནའ་ཤུལ་ལས་ཤིང་ལས་བཟོས་པའི་དཀར་ཡོལ་ཚོས་དམར་ཅན་ཞིག་རྙེད། དེའི་མཐོ་ཚད་ལ་ལི་སྨི5.7ཡོད་ཅིང་ཞབས་ཀྱི་ཚད་ལ་ལི་སྨི7.2ནས7.6དང་། ཁ་ཚད་ལ་ལི་སྨི9.2ནས10.6ཡོད་ལ། འཇོང་དབྱིབས་བཀྱེད་གཟུགས་ཅན་དང་ཞབས་སྒོར་མོ་ཅན་ཞིག་གོ། དཀར་ཡོལ་ཕྱི་ནང་ལ་ཚོས་དམར་སྲབ་བུར་མཆིས་ཤིང་མདངས་ཀྱང་ལྡན་པ་རང་བྱུང་ཚོས་ཀྱིས་བྱུགས་ཏེ་གྲུབ་པ་ཡིན་པའི་ཚོད་དཔག་བྱེད། དཀར་ཡོལ་ཚོས་དམར་ཅན་འདི་ཀྲུང་གོ་ནས་རྙེད་པའི་ཆེས་སྔ་བའི་ཚོས་ལྡན་དངོས་པོའི་རིགས་ཡིན་ལ། ཀྲུང་གོའི་ཚེས་ལྡན་དངོས་པོར་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་ཏུའང་གྱུར་ཡོད་པས། དེ་སྔ་ཀྲུང་གོའི་སྦྲག་སྲིད་ཅུས་ནས་སྦྲག་སྲིད་རི་མོར་བཀོལ་མྱོང་ཞིང་2002ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་དང་པོའི་དཀར་ཆག》ཏུ་བསྡུས་སོ། །


བརྡ་འགྲེལ་གདོང་འཛར།

ཚེས། རུལ་འགོག དཀར་ཡོལ་ཚོས་དམར་ཅན།