སྤྱི་ལོ2025ལོའི་ཟླ1པོའི་ཚེས9ཉིན་གྱི་དགོང་མོའི་ཆུ་ཚོད8:27སྟེང་། ཧུ་ཧྲན་གྲོང་ཁྱེར་ཅིན་ཅང་གསོལ་མགྲོན་ཁང་གི་རླངས་འཁོར་འཇོག་ས་ཞིག་ཏུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་བྱུང་སྟེ། མེ་ཤུགས་མགྱོགས་མྱུར་ངང་ཆེ་རུ་ཕྱིན་པ་དང་བསྟུན། རླངས་འཁོར་ནང་གི་ལུའེ་ཆེ་གེ་མོ་རླངས་འཁོར་ལས་འབབ་ལོང་མ་བྱུང་བར་འཚིག་རྨས་ཚབས་ཆེན་ཕོག མེ་སྐྱོན་གྱི་མེ་ལྕེ་དགུང་དུ་མཆེད་ཅིང་དུ་བས་ཡོངས་སུ་གཡོག་པའི་ཁྲོད། རླངས་འཁོར་གྱི་ཆག་གྲུམ་དག་ཕྱོགས་བཞིར་ཐོར་གྱིན་པའི་སྐབས་དེར། ལམ་དེ་བརྒྱུད་བཞིན་པའི་ལི་ཀྲུའོ་ཁྲེང་དང་ཝུའུ་ཀྲི་ཆང་གཉིས་ཀྱིས་ཡང་བསྐྱར་འབར་གས་འབྱུང་སྲིད་པའི་ཉེན་ཁར་མ་འཛེམས་པར་མེ་གསོད་འཕྲུལ་ཆས་སྤྱད་དེ། མེ་ཤུགས་ལ་ཚོད་འཛིན་བྱེད་བཞིན། ཤུགས་ཀྱིས་དབྱིབས་འགྱུར་བའི་རླངས་འཁོར་གྱི་སྒོ་འཐེན་ནས་ཧོན་འཐོར་བའི་ལུའེ་ཆེ་གེ་མོ་བདེ་འཇགས་ས་ཁོངས་སུ་སྤོ་སྒྱུར་བྱས། ཝུའུ་ཀྲི་ཆང་གིས119དང་120ལ་འབྲེལ་གཏུག་བྱེད་པའི་འགན་ཁུར། ལི་ཀྲུའོ་ཁྲེང་གིས་མཐའ་འཁོར་གྱི་མང་ཚོགས་ཁ་འགྲེམ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཞོར་ཐོན་གནོད་འཚེ་མི་ཕོག་པ་བྱས་ཏེ། མེ་ཟོན་རོགས་སྐྱོབ་དང་སྨན་སྲུང་མི་སྣ་འབྱོར་ཐུབ་པ་བྱས།
སྤྱི་ལོ2025ལོའི་ཟླ1པོར་ལི་ཀྲུའོ་ཁྲེང་གིས་ཉེན་སེལ་མི་སྐྱོབ་པའི་བྱ་སྤྱོད་དེ་བདེན་འཛིན་དཔའ་བོའི་བྱ་སྤྱོད་དུ་ངོས་འཛིན་བྱས།
སྤྱི་ལོ2025ལོའི་ཟླ3པར་སྤྱི་ལོ2025ལོའི་དུས་ཚིགས་དང་པོའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་བཅུག