ཁོང་ནི་ཨན་ཧུའེ་ལིའུ་ཨན་གྱི་མི་ཡིན། སྤྱི་ལོ1929ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་ལ་ཞུགས། སྤྱི་ལོ1930ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས། སྤྱི་ལོ1931ལོར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་ནས་རྒྱང་སྐྱོད་ལ་ཞུགས། འཇར་འགོག་དམག་འཁྲུག་གི་སྐབས་སུ་དམག་སྡེ་བརྒྱད་པའི་རང་ཚུགས་ངེས་མེད་རྒོལ་རྡུང་ཡན་ལག་རུ་ཁག་དང་པོ་དང་། ཡན་ལག་དམག་ཁུལ་ཁང་ལྔ་པའི་རུ་ཆེན་གཉིས་པའི་ཆབ་སྲིད་ཀྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས། ཧོ་པེ་དབུས་རྒྱུད་དམག་ཁུལ་ཁང་གི་ཡན་ལག་དམག་ཁུལ་ཁང་བཅུ་པའི་མདའ་ཤོག་ཉེར་དགུ་པའི་མདའ་དཔོན་དང་ཆབ་སྲིད་ཨུ་ཡོན། ཉེན་ཟོན་བདེ་སྲུང་ལུའི་ཤོག་དང་ཡན་ལག་དམག་ཁུལ་ཁང་དྲུག་པའི་མདའ་ཤོག་དང་པོའི་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་ཁུར་གནང་།
སྤྱི་ལོ1942ལོའི་ཟླ5པར། འཇར་དམག་དང་རྫུས་དམག་གིས་དམག་མི་ཁྲི5ལྷག་བསྡུས་ཏེ། དབྱི་ཀྲུང་དམག་ཁུལ་ལ“ལྕགས་ཀྱིས་མཐའ་བསྐོར”བའི“ལྔ་གཅིག་གཙང་འཕྱག་ཆེན་པོ”བྱས། ཡན་ལག་དམག་ཁུལ་དྲུག་པས་འཇར་པན་དང་རྫུས་དམག་གི་བྱ་སྤྱོད་དེ་ཤེས་རྗེས། “གཙང་འཕྱག”ལ་ངོ་རྒོལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། མི་མང་ཉུང་གི་ཁྱད་པར་ཆེ་བའི་དབང་གིས་ཡན་ལག་དམག་ཁུལ་དྲུག་པས་འཇར་པན་དང་རྫུས་དམག་འགོག་པའི་དམག་འཐབ་བྱེད་སྐབས་གྱོང་གུན་ཆེན་པོ་ཕོག ཟླ5པའི་ཚེས23ཉིན་ཧོ་པེ་ཞིང་ཆེན་ཧྲེན་རྫོང་ཚུའེ་ཧྲི་གྲོང་ཚོའི་དམག་འཐབ་ཁྲོད་རང་སྲོག་ཤོར། སྐབས་དེར་ལོ་ན28ཡིན།
སྤྱི་ལོ2015ལོའི་ཟླ8པའི་ཚེས24ཉིན། ཁག་གཉིས་པའི་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་ཚུད།