སྤྱིར་བཏང་《བྲོ་གཞས་རི་མོ་》ནི་རྒྱལ་རབས་ལྔའི་སྐབས་ཀྱི་ཆི་ཏན་གྱི་རི་མོ་པ་ཧོར་ཀོས་ཀྱིས་བྲིས་པར་འདོད། དཀྱུས་ལ་ལི་སྨི256དང་ཞེང་ལ་ལི་སྨི33ཡོད་པ་དར་གོས་ཐོག་ཏུ་བྲིས་པ་ཞིག་རེད། རི་མོའི་ནང་དུ་ཆི་ཏན་གྱི་སྐུ་དྲག་བཟའ་ཟླ་གཉིས་གདན་སྟེང་ན་སྐྱིལ་ཀྲུང་དུ་བཞུགས་པའི་མདུན་དུ་ཅོག་ཙེ་གཉིས་ཡོད་ལ། གཡོག་པོ་གཉིས་ཀྱིས་པུས་མོའི་སླ་ང་ས་ལ་བཙུགས་ཏེ་ཆང་འདྲེན་པ་དང་། གཡོག་མོ་ཞིག་གིས་ཆང་རྫ་བསྣམས་ནས་ཟུར་དུ་ལངས། དེའི་ཉེ་གམ་ན་གཡོག་པོ་གཉིས་ཀྱིས་པུས་མོ་སར་བཙུགས་ནས་ཞལ་ཟས་གྲ་སྒྲིག་བྱེད། བདག་པོའི་གཡོན་གཞོགས་སུ་མདའ་གཞུ་ཐོགས་པའི་སྲུང་དམག་བཞི་དང་རྒྱབ་ཏུ་གཡོག་མོ་གསུམ་ཡོད། མདུན་དུ་མི་ཞིག་གིས་གར་རྩེན་པ་ཉེ་འགྲམ་དུ་མི་ལྔས་རོལ་མོ་དཀྲོལ། གཡས་སུ་རྟ་ལས་བབས་ནས་ངལ་གསོ་བའི་གཡོག་པོ་སྐོར་ཞིག་ཡོད། དེ་དག་ལས་མི་གཉིས་ཀྱི་ལག་ཏུ་གདུགས་དམར་པོ་བཟུང་བ་དང་། གཞན་རྣམས་སར་བསྡད་པའམ། རྟ་ལ་འཁེན་པ། རྟ་ཐོག་ནས་བསྣར་བ། ལག་ཟུང་བརྒྱངས་ནས་བསྣར། རྟ་རྣམས་བོངས་རྩལ་ཆེ་ཞིང་རྒྱབ་ཏུ་ངང་པ་དང་བྱ་རྒོད་ཀྱི་རོ་འཁུར། 2012ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གཉིས་པའི་དཀར་ཆག་》ཏུ་བསྡུས་སོ།