ཡའོ་ཀྲུའུ་རྫ་བུམ་མེ་ཏོག་མ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:09ལ་འགྲུབ།

ཡའོ་ཀྲུའུ་རྫ་བུམ་མེ་ཏོག་མ།

ཡའོ་ཀྲུའུ་རྫ་བུམ་མེ་ཏོག་མ།
ཡའོ་ཀྲུའུ་རྫ་བུམ་མེ་ཏོག་མ་ནི1968ལོར་ཧྲའན་ཞི་པན་ཀྲོའུ་ནས་རྙེད་ཅིང་། དཔངས་ལ་ལི་སྨི18.3དང་ལྟོ་བའི་ཚངས་ཐིག་ལ་ལི་སྨི14.3དང་གཏིང་ཚད་ལ་ལི་སྨི12ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耀州窑青釉刻花提梁倒流壶
ཉར་ཡུལ།
ཧྲའན་ཞི་ལོ་རྒྱུས་རྟེན་མཛོད་ཁང་།
དུས་སྐབས།
རྒྱལ་རབས་ལྔ།
1 ངོ་སྤྲོད་མདོར་བསྡུས།

ཡའོ་ཀྲུའུ་རྫ་བུམ་མེ་ཏོག་མ་ནི1968ལོར་ཧྲའན་ཞི་པན་ཀྲོའུ་ནས་རྙེད་ཅིང་། དཔངས་ལ་ལི་སྨི18.3དང་ལྟོ་བའི་ཚངས་ཐིག་ལ་ལི་སྨི14.3དང་གཏིང་ཚད་ལ་ལི་སྨི12ཡོད། ཕྱི་མདངས་སྔོ་ཞིང་དྭངས་ལ་དབྱིབས་སྤོ་ལོ་དང་མཚུངས་པའི་ངོས་སུ་མེ་ཏོག་པདྨ་བརྐོས་ཡོད། བུམ་པའི་ཡུ་བ་ཁྱུང་དབྱིབས་ཟླུམ་པོ་ཡིན་ཞིང་ཁྱུང་མགོ་ཁ་འགེབས་ཐོག་གི་པད་འདབ་དང་འདྲེས། མཆུ་ཏོ་ནི་ཁ་གདངས་པའི་སེང་གེ་ཞིག་དང་འདྲ་ལ་གཞོགས་གཉིས་སུ་ནུ་འོ་འཐུང་བའི་སེང་ཕྲུག་གཉིས་ཡོད། བུམ་པ་འདི་ལ་ཁ་འགེབས་ཡོད་ཀྱང་ཁ་ཕྱེས་མི་ཐུབ། བུམ་པའི་ཞབས་ན་དཔྱིད་མགོའི་མེ་ཏོག་དབྱིབས་ཀྱི་ཁུང་བུ་ཞིག་ཡོད་པ་ཆུ་ལྡུག་ས་ཡིན། བུམ་པ་ཁ་ཐུར་དུ་བསྐོར་ཏེ་ཞབས་ཀྱི་ཁུང་བུ་བརྒྱུད་ནས་ཆང་དང་ཇ་དགང་དུ་འཇུག་པ་དང་། དེ་ནས་ཁ་གྱེན་དུ་བསྐོར་ནས་རྒྱུན་ལྡན་གྱི་བུམ་པ་ལྟར་མཆུ་ཏོ་ནས་བླུགས་དགོས། རྫ་བུམ་གྱི་བཟོ་བཀོད་ལེགས་ཤིང་བརྐོས་རིས་ངོ་མཚར་བ་དང་། གནའ་བོའི་ཀྲུང་གོའི་རྫ་ཆས་ཀྱི་ཚབ་མཚོན་ཏུ་གྱུར་པས། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས་སོ། །


བརྡ་འགྲེལ་གདོང་འཛར།

ཡའོ་ཀྲུའུ་རྫ་བུམ། མེ་ཏོག