དངུལ་གྱི་གའུ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:09ལ་འགྲུབ།

དངུལ་གྱི་གའུ།

དངུལ་གྱི་གའུ།
དངུལ་གྱི་གའུ་འདི་རིམ་པ་གསུམ་གྱིས་གྲུབ་ཅིང་། ཕྱི་ཤུན་གའུ་ཡི་འཕྲེད་ཞེང་ལ་ལི་སྨི7.5དང་མཐོ་ཚད་ལ་ལི་སྨི5ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
“都管七个国”六瓣银盒
ཉར་ཡུལ།
ཞི་ཨན་རྟེན་མཛོད་གླིང་།
དུས་སྐབས།
འཇང་རྒྱལ་ཁབ།
1 ངོ་སྤྲོད་མདོར་བསྡུས།

1979ལོར་ཧྲའན་ཞི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ར་སྐོར་ནས་ཐང་རྒྱལ་རབས་ཀྱི་དངུལ་གྱི་གའུ་ཞིག་བུད། དངུལ་གྱི་གའུ་འདི་རིམ་པ་གསུམ་གྱིས་གྲུབ་ཅིང་། ཕྱི་ཤུན་གའུ་ཡི་འཕྲེད་ཞེང་ལ་ལི་སྨི7.5དང་མཐོ་ཚད་ལ་ལི་སྨི5ཡོད། ཁ་འགེབས་ཐོག་ཏུ་མཛེས་སྡུག་རྣམ་པར་བཀྲ་བའི་རི་མོ7བརྐོས་ཡོད། ཡི་གེ་ལ་གཞིགས་ན་དེ་ནི་སོ་སོར་ཁུ་ནུ་དང་བལ་པོ། བོད། ཧྲུའུ་ལི། ཀའོ་ལེ། པད་ཀྲི་ཞའེ། ཝུ་མན་རྒྱལ་ཁབ་བཅས་རེད། གཞན་རྣམ་པ་མི་འདྲ་བའི་མི27ཡོད་པ་མི་འགའ་ཚོགས་པ་གཅིག་བྱས་ཏེ་རྒྱལ་ཁབ་སོ་སོའི་རིག་གནས་ཁྱད་ཆོས་མཚོན་པར་བྱས། གའུ་ཁ་སྦྱོར་གྱི་མཚམས་སུ་ལོ་འཁོར་བཅུ་གཉིས་ཀྱི་རི་མོ་གོང་འོག་གཉིས་སུ་ཕྱེས་ནས་བརྐོས་པ་རིམ་པ་རེར་རི་མོ་དྲུག་རེ་ཡོད། གའུ་ཐོག་ན་་་རྒྱལ་ཁབ་བདུན་ལ་མངའ་མཛད་པ་”ཞེས་པའི་ཡི་གེ་ཡོད་པས། “རྒྱལ་ཁབ་བདུན་ལ་མངའ་མཛད་པའི་དངུལ་གྱི་གའུ་”ཞེས་ཀྱང་ཟེར། གའུ་ཕལ་ཆེར847ནས873བར་གྲུབ་པ་ཡིན་ན། ཐང་གི་དུས་མཇུག་ལ་འཁེལ་ཡོད། ཐང་ཆེན་མོ་མངའ་ཐང་དར་བའི་སྐབས་སུའང་རྒྱལ་ཁབ་དེ་བདུན་ལ་དབང་སྒྱུར་མེད། ཨན་ཞི་ཟིང་འཁྲུག་རྗེས་ནས་ཐང་གི་སྟོབས་ཤུགས་སྔར་ལས་ཞན་དུ་གྱུར་ཏེ་མཐའ་འཁོར་གྱི་ཡུལ་གྲུ་མང་པོ་གཞན་གྱིས་བཟུང་། དེའི་ཕྱིར་ཆེད་མཁས་པ་འགའ་རེས་གའུ་འདི་ཡུན་ནན་ན་ཡོད་པའི་འཇང་རྒྱལ་ཁབ་ཀྱིས་བཟོས་ཤིང་འཇང་གིས་སླད་ ༨མར་རྒྱལ་ཁབ་བདུན་ལ་མངའ་མཛད་རྒྱུའི་རེ་སྨོན་མཚོན་པར་བཤད།


བརྡ་འགྲེལ་གདོང་འཛར།

གའུ། ཡི་གེ། ལོ་རྒྱུས།