རྫ་ཐབ་སུག་ལྔ་མ་ནི1980ལོར་ཀྲེ་ཅང་ཧང་ཀྲོའུ་ཡི་དུར་ས་ཞིག་ནས་རྙེད། དུར་བདག་ཧྲོས་ཆོ901ལོར་ཚེ་ལས་འདས། མོའི་བུ་ཆིན་ལོའུ་ཞེས་པས་རྒྱལ་རབས་ལྔ་ལས་བོ་ཡོད་རྒྱལ་ཁབ་བཙུགས། ཐབ་ཀ་སུག་ལྔ་མའི་དཔངས་ལ་ལི་སྨི66དང་ཁ་ཞེང་ལ་ལི་སྨི36.5དང་ཞབས་ལ་ལི་སྨི41ཡོད། ཁ་འགེབས་དང་ཐབ་གཞུང་དང་ཞབས་ཁྲི་བཅས་ཀྱིས་གྲུབ་པ་ལ་མདོག་སྔོན་པོ་ཡིན། ཁ་འགེབས་ཐོག་ཏུ་མེ་ཏོག་གི་འདབ་མ་ལྟ་བུའི་ཁུང་བུ་བཏོད་པ་དང་། དེའི་འོག་ན་ཕ་ཝང་གི་དབྱིབས་ལྟ་བུའི་ཁུང་བུ་མང་པོ་བཏོད་པའི་དཀར་ཡོལ་ཁ་སྦུབ་ཅིག་ཡོད། ཕ་ཝང་གི་“”ཞེས་པ་“”དང་སྒྲ་མཚུངས་པས། གནའ་བོའི་རིག་གནས་ཁྲོད་བདེ་སྐྱིད་དང་བཀྲ་ཤིས་པའི་དོན་ལ་འཇུག། ཐབ་ཀའི་གཞུང་ཆེ་ཞིང་ཕྱིར་བསྐྱེད་པ་དང་ལྟོ་བ་ཟླུམ་པོར་སྲོག་ཆགས་མགོ་ཅན་གྱི་སུག་རྐང་ལྔ་སྤྲད། ཞབས་ཁྲི་ཟླུམ་གོར་ཡིན་པའི་ངོས་སུ་ཁུང་བུ་བརྒྱད་ཡོད། ཐབ་ཀ་ས་འོག་ནས་འདོན་སྐབས་ད་དུང་སྤོས་ཐལ་ཡོད་པས། དུར་བདག་སྐུ་བཞུགས་དུས་བེད་སྤྱད་པ་མཚོན། ཐང་གི་དྭངས་རྫ་ནི་གཙོ་བོ་རང་རྒྱལ་གྱི་ལྷོ་རྒྱུད་ནས་ཐོན་པ་ཡིན་ལ། སྒོས་སུ་ཀྲེ་ཅང་ཡའོ་ཡོད་ས་ཆའི་དྭངས་རྫ་ལ་སྐད་གྲགས་ཆེ། ཡའོ་ཡོད་ས་ཆའི་སྤྲིན་རིས་ཅན་གྱི་རྫ་ཐབ་སུག་ལྔ་མ་འདི་བོངས་ཆེ་ལ་བཟོ་དབྱིབས་ལེགས་པ་དང་། སྐབས་དེའི་ཡའོ་ཡོད་དྭངས་རྫའི་མཚོན་བྱེད་ལྟ་བུ་ཡིན་པས། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས