རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:09ལ་འགྲུབ།

རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན།

རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན།
རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན་ནི་ཧོ་ནན་ཅི་རྫོང་ནས་རྙེད་པའི་བཟོ་དབྱིབས་ངོ་མཚར་བའི་བྱང་རྒྱུད་དྭངས་རྫ་ཞིག་ཡིན། རྫ་བུམ་ཁྱུང་ཞིག་འགྲེང་བ་དང་འདྲ་ཞིང་། དཔངས་ལ་ལི་སྨི41.3དང་ཁ་ཞེང་ལ་ལི་སྨི19.3དང་ཞབས་ལ་ལི་སྨི10.2ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青釉凤首龙柄壶
ཉར་ཡུལ།
ཕོ་བྲང་རྙིང་མ་རྟེན་མཛོད་གླིང་།
དུས་སྐབས།
ཐང་།
1 ངོ་སྤྲོད་མདོར་བསྡུས།

ཐང་གི་དྭངས་རྫའི་ཐོན་ཁུངས་གཙོ་བོ་འབྲི་ཆུའི་ལྷོ་རྒྱུད་ཡིན་ལ། གཞན་ཧྲའན་ཞི་ཡའོ་རྫོང་དང་ཧོ་ནན་ཁུང་རྫོང་། ཧོ་པེ་ཆུས་དབྱང་སོགས་སུའང་དྭངས་རྫ་ཐོན་སྐྱེད་བྱེད། ལྷོ་རྒྱུད་དྭངས་རྫ་ངོས་འཇམ་ལ་སྤུས་ཀ་ལེགས་པ་དང་། རྩི་མདངས་དྭངས་ཤིང་གསལ་བ་ཅུང་ཟད་སྐྱ་མདོག་ཡིན། བྱང་རྒྱུད་དྭངས་རྫ་ལྟོ་ལྡིར་ཞིང་ངོས་མཐུག་པ་དང་། ཤེལ་ལྟར་ཁ་དོག་དྭངས་ཤིང་སེར། རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན་ནི་ཧོ་ནན་ཅི་རྫོང་ནས་རྙེད་པའི་བཟོ་དབྱིབས་ངོ་མཚར་བའི་བྱང་རྒྱུད་དྭངས་རྫ་ཞིག་ཡིན། རྫ་བུམ་ཁྱུང་ཞིག་འགྲེང་བ་དང་འདྲ་ཞིང་། དཔངས་ལ་ལི་སྨི41.3དང་ཁ་ཞེང་ལ་ལི་སྨི19.3དང་ཞབས་ལ་ལི་སྨི10.2ཡོད། ཁ་འགེབས་དང་མཆུ་ཏོ་གཉིས་ཁྱུང་མགོ་དང་ཡུ་བ་འབྲུག་ལྟར་བཟོས། བུམ་ལྟོ་རི་མོས་མཛེས་བཟོ་བྱས་པའི་དཀྱིལ་ན་མུ་ཏིག་ལྟ་བུའི་སྒོར་དབྱིབས་དྲུག་བརྐོས་ཡོད། སྒོར་དབྱིབས་རེ་རེའི་ནང་དུ་གར་ལ་རྩེན་པའི་གྱད་མི་རེ་དང་། གྱད་མིའི་འོག་ཏུ་མེ་ཏོག་སྟེ་བསྡོམས་མེ་ཏོག་དྲུག་སྤུད་ཡོད་ལ། གཞན་པད་འདབ་དང་རྩི་ཤིང་གི་ཡལ་འདབ་སོགས་ཀྱང་བརྐོས་འདུག། རྫ་བུམ་ཁྱུང་མགོ་འབྲུག་ཡུ་ཅན་གྱིས་ཐང་གི་ཁྱད་དུ་འཕགས་པའི་རྫ་ཆས་ལག་ཤེས་མཚོན་པ་མ་ཟད། དབྱིབས་དང་རི་མོ་སོགས་ལ་པར་སིག་གི་ཁྱད་ཆོས་མངོན་གསལ་ལྡན་པས། ཀྲུང་ནུབ་རིག་གནས་དང་ལག་ཤེས་གཅིག་འདྲེས་བྱུང་བའི་ཐོན་རྫས་ཤིག་རེད། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས་སོ། །

བརྡ་འགྲེལ་གདོང་འཛར།

དྭངས་རྫ། ཡའོ་རྫོང་། ལོ་རྒྱུས།