ཐང་གི་སྐབས་སུ་ཟངས་ཀྱི་མེ་ལོང་བཟོ་སྐྲུན་བྱེད་པའི་ལག་ཤེས་འཕེལ་རྒྱས་བྱུང་། ཟངས་ཀྱི་མེ་ལོང་སྟེང་ལ་གསེར་དངུལ་གྱི་ཕྲ་འདེབས་པའི་སྲོལ་ཡང་དར། མགར་པས་གསེར་དངུལ་གྱི་ཕྲ་བརྡུངས་རྗེས་རྩི་བྱུགས་པའི་མེ་ལོང་གི་རྒྱབ་ཏུ་སྦྱོར་བ་དང་། དེ་ནས་ངོས་ཡོངས་སུ་རྩི་ནག་པོ་བྱུགས་ཏེ་ཞུན་བརྡར་ཐེངས་མང་བྱས་ན་ཕྲ་དང་རྩི་གཉིས་ཀྱི་ངོས་སྙོམས་པ་ཡིན། ཟངས་ཀྱི་མེ་ལོང་ལ་བཟོ་དབྱིབས་མཛེས་པའི་ཕྲ་བརྒྱན་ཡོད་པར་མ་ཟད། ཕྱི་ངོས་འཇམ་ཞིང་སྤུས་ཀ་ལེགས་པས། ཐང་གི་ཟངས་ཀྱི་མེ་ལོང་འདེབས་པའི་སྔོན་ཐོན་ལག་རྩལ་མཚོན། མེ་ལོང་ཁྱུང་ཆེན་གོས་ཐོགས་མ་ནི1956ལོར་ཧྲའན་ཞི་ཞི་ཨན་ནས་རྙེད་པ་དང་། ཞི་ཨན་ནས་རྙེད་པའི་ཐང་གི་ངོས་སྙོམས་མེ་ལོང་ཁྲོད་རི་མོ་མཛེས་ཤིང་ཆ་ཚང་བ་དེ་ཡིན། ཞེང་ལ་ལི་སྨི22.7ཡོད་ཅིང་རྒྱབ་ངོས་སུ་ཁ་ནང་ལ་གོས་ཡུག་ཐོགས་པའི་ཁྱུང་ཆེན་བཞི་ཡོད་པ་མགོ་མཇུག་གཏད་དེ་གཤོག་པ་རྒྱངས་ནས་འཕུར། ཡང་ཁྱུང་ཆེན་དེ་དག་དངུལ་སྐུད་ཀྱིས་རྒྱུད་པས་ཁྱུང་ཆེན་ནི་བཀྲ་ཤིས་པའི་འདབ་ཆགས་ཤིག་སྟེ། ངག་རྒྱུན་ལ་ཁྱུང་ཆེན་བྱུང་ཚེ་གནམ་འོག་བདེ་ཐང་ཡིན་ཞེས་བརྗོད། མེ་ལོང་ཁྱུང་ཆེན་གོས་ཐོགས་མས་ནད་མེད་ཙ་རིང་དང་བཀྲ་ཤིས་བདེ་ལེགས་ཀྱི་དོན་མཚོན་ལ། ཐང་གི་མི་རྣམས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་པའང་མཚོན།