ཟངས་འབྲུག་ལྕགས་སྦུབས་མ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-03-24 10:09ལ་འགྲུབ།

ཟངས་འབྲུག་ལྕགས་སྦུབས་མ།

ཟངས་འབྲུག་ལྕགས་སྦུབས་མ།
ཟངས་འབྲུག་ལྕགས་སྦུབས་མ་ནི1975ལོར་ཧྲའན་ཞི་ཞི་ཨན་ནས་རྙེད་ཅིང་། དཔངས་ལ་ལི་སྨི34དང་སྲིད་ལ་ལི་སྨི28ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
婆金铁总铜龙
ཉར་ཡུལ།
ཧྲའན་ཞི་ལོ་རྒྱུས་རྟེན་མཛོད་ཁང་།
དུས་སྐབས།
ཐང་།
1 ངོ་སྤྲོད་མདོར་བསྡུས།

ཟངས་འབྲུག་ལྕགས་སྦུབས་མ་ནི1975ལོར་ཧྲའན་ཞི་ཞི་ཨན་ནས་རྙེད་ཅིང་། དཔངས་ལ་ལི་སྨི34དང་སྲིད་ལ་ལི་སྨི28ཡོད། འབྲུག་གི་རྒྱུ་ཆ་ནི་ཟངས་མའི་ནང་དུ་ལྕགས་ཀྱི་སྦུབས་ཤན་བཅུག་པ་ཞིག་ཡིན་ལ་ཕྱི་ངོས་གསེར་གྱིས་བྱུགས། འབྲུག་མགོ་གྱེན་དུ་གཏད་ཅིང་ཁ་གདངས་ནས་མཆེ་བ་གཙིགས་པ་དང་ལྕེ་མ་མགལ་གྱི་སྟེང་ལ་མནར། མིག་ཟུང་བགྲད་ཅིང་རྭ་ཅོ་ཕྱིར་གཏད་དེ་འབྲུག་མགོར་ཐུག། འབྲུག་ལུས་"S”ལྟར་འཁྱུག་པའི་སྒལ་བའི་སྟེང་ན་སྤྲིན་དུམ་བུ་གཉིས་འཁྲིགས། ལག་པ་དྲང་མོར་བསྲིངས་ནས་ས་ལ་རེག་པའི་སྡེར་མོ་ཅུང་བཀུག་ཡོད། རྔ་མ་དང་རྐང་པ་མཁའ་དབྱིངས་སུ་བསྲིངས་པས་བལྟས་མ་ཐག་གནམ་ནས་བབས་པ་དང་མཚུངས་ཤིང་གསོན་ཉམས་ལྡན་པས། ཐང་གི་འབྲུག་རིས་སྒྱུ་རྩལ་གྱི་ཁྱད་ཆོས་ཡོངས་སུ་མངོན། ཟངས་འབྲུག་ལྕགས་སྦུབས་མ་ལ་ཏའོ་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་སྟེ། གནའ་དུས་རྒྱུ་ཆ་འདི་སྤྱད་ནས་བཟོས་པའི་འབྲུག་རི་བྲག་ལ་སྦས་ཏེ་ལྷར་སྐྱབས་འཇུག་ཞུ་བ་ཡིན། འབྲུག་རྙེད་ས་ཁྲང་ཨན་མཁར་གྱི་ཡུང་ལི་ཡིན་ལ་དེ་ནི་སྐུ་དྲག་མི་ཆེན་རྣམས་འདུག་ས་ཡིན། ཁོང་ཚོས་སྡོད་ཁང་བསྐྲུན་དུས་འབྲུག་ས་འོག་ལ་སྦས་ནས་བར་ཆད་སེལ་བར་སྐྱབས་བཅོལ་བ་ཡིན།


བརྡ་འགྲེལ་གདོང་འཛར།

ཟངས་འབྲུག ཟངས་མ། འབྲུག་རིས།