སྤྱི་ལོ2025ལོའི་ཟླ1པོའི་ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད3དང་ཕྱེད་ཀའི་ཆར། ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཡུང་ཧྥེང་རྫོང་ཐན་ཐོའུ་ཞང་སྲིད་གཞུང་གི་ལས་བྱེད་པ་ཐང་པིན་པིན་དང་ལས་རོགས་པ་ཚོ་གྲོང་གསེབ་ཏུ་བསྐྱོད་སྐབས། ཟམ་ཆེན་སྨད་རྒྱུད་ཀྱི་སྨི100ལྷག་གི་སར་བུ་མོ་ཆུང་ཆུང་ཞིག་ཆུ་འགྲམ་དུ་ཡོད་པ་དང་། བུ་མོ་གཞན་ཞིག་གཙང་བོའི་ནང་དུ་ཡོད་པ་མཐོང་། ལྟ་ཞིབ་བྱས་པ་ལྟར་ན། གཙང་བོའི་ནང་གི་བྱིས་པ་བུ་མོ་དེའི་གནས་ཚུལ་རྒྱུན་ལྡན་མིན་པ་ཤེས། ཐང་པིན་པིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་གྲང་འཁྱག་རུས་པར་ཟུག་པའི་ཆུ་བོའི་ནང་དུ་ལྡིང་སྟེ་མྱུར་དུ་ཉེན་ཁར་ཐུག་པའི་བྱིས་པ་བུ་མོ་དེའི་ཕྱོགས་སུ་རྐྱལ། ཐང་པིན་པིན་གྱིས་ཆུར་ལྷུང་བའི་བྱིས་པ་དེ་ཆུ་འགྲམ་དུ་སྐྱེལ་སྐབས་བྱིས་པ་དེ་དྲན་པ་བརྒྱལ་བ་དང་། ཐང་པིན་པིན་གྱིས་འཕྲལ་མར་ཁོ་མོར་མྱུར་སྐྱོབ་བྱས་མོད། འོན་ཀྱང་བུ་མོ་དེ་སྔར་བཞིན་སད་མ་བྱུང་། དེ་རྗེས་ཐང་པིན་པིན་གྱིས་མི་གཞན་དང་མཉམ་དུ་བུ་མོ་ཆུང་ཆུང་དེ་ཐན་ཐོའུ་ཞང་འཕྲོད་བསྟེན་ཁང་དུ་བསྐྱལ། འཕྲོད་བསྟེན་ཁང་གིས་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པ་བརྒྱུད་དེ་བུ་མོ་ཆུང་ཆུང་དེའི་དྲན་པ་སླར་གསོ་བྱུང་ནས་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཐུབ་པ་བྱུང་།
སྤྱི་ལོ2025ལོའི་ཟླ1པོར། ཐང་པིན་པིན་གྱི་ཉེན་སེལ་མི་སྐྱོབ་པའི་བྱ་སྤྱོད་དེ་བདེན་འཛིན་དཔའ་བོའི་བྱ་སྤྱོད་དུ་ངོས་འཛིན་བྱས།
སྤྱི་ལོ2025ལོའི་ཟླ3པར། སྤྱི་ལོ2025ལོའི་དུས་ཚིགས་དང་པོའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་བཅུག