ཁོ་ནི་ཧོ་པེ་ཧན་ཧྥེང་གློག་འདོན་ཚད་ཡོད་འགན་འཁྲི་ཀུང་སིའི་ཧན་ཧྥེང་གློག་འདོན་བཟོ་གྲྭའི་ཐོན་སྐྱེད་པུའུ་ནུས་རྒྱུ་གསར་བའི་སྐྱེལ་འདྲེན་སྲུང་སྐྱོང་གཞུང་ལས་ཁང་གི་ཀྲན་ཀྲང་དང་། བཟོ་སྐྲུན་པ་ཆེན་མོ། མཐོ་རིམ་བཟོ་བ་བཅས་རེད། ཁོས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་སུ་ལོ་མང་རིང་ཞིབ་འཇུག་བྱས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག20ལྷག་ཤེས་རྟོགས་བྱུང་བ་མ་ཟད། བཅོས་སྒྲིག་དང་སྒྲིག་འགལ་བྱ་སྤྱོད་ཐེངས100ལྷག་ཡོ་བསྲང་བྱས་པ་དང་། གློག་ཁང་བསྟུད་མར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས། སྤྱི་ལོ2023ལོར་ཚོགས་པའི་སྣེ་ཁྲིད་དེ་ཧྭ་ནེང་ཆིང་ཧུ་ཀྲའོ་ཝ280ཡི་ཞིང་འོད་གསབ་རེས་གློག་གཏོང་རྣམ་གྲངས་ཀྱི་ཤོང་ཚད་ཧྲིལ་བོའི་དྲ་སྦྲེལ་ལེགས་གྲུབ་བྱུང་ནས་ཟླ9ཡི་ནང་བསྐྲུན་ཚར་ཏེ། ཐོན་སྐྱེད་བྱེད་མགོ་ཚུགས་པའི་ལས་རིགས་ཀྱི་ཟིན་ཐོ་གསར་བ་བཏོད་པ་རེད། འོད་ཤུགས་འཁོར་སྐྱོད་ལག་རྩལ་ཇེ་ལེགས་སུ་བཏང་བ་བརྒྱུད་དེ་ཕན་འབྲས་ཆེ་རུ་གཏོང་བའི་གྲོས་གགོ་ཁག3བཏོན་ནས་ཀུང་སིར་འབབ་འཕར་ཕན་འབྲས་སྒོར་ཁྲི200ལྷག་བྱུང་ཡོད།
ཁོས་གསོ་སྐྱོང་བྱས་པའི་ཚོགས་པའི་ནང་ཧོ་པེ་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་གཅིག་དང་ཧྭ་ནེང་ཚོགས་པ་ཀུང་སིའི་ལག་རྩལ་མཁས་པ5བྱུང་བ་དང་། ཉེ་བའི་ལོ་གསུམ་གྱི་ནང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ100ལྷག་གསོ་སྐྱོང་བྱས་ཡོད། ནུས་རྒྱུ་གསར་བ་ཕྱོགས་སྒྱུར་དང་འཕྲལ་སྡོམ་གློག་སྲུང་ཁྲོད་ནུས་པ་གལ་ཆེན་ཐོན་ནས། སྔ་རྗེས་སུ“ཧོ་པེ་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་མི་སྣ”དང“རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།