ཀྲང་ཝེ།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-02-10 15:18ལ་འགྲུབ།

ཀྲང་ཝེ།

ཀྲང་ཝེ། ཕོ། རྒྱ་རིགས། སྤྱི་ལོ1978ལོའི་ཟླ9པར་སྐྱེས། ཀྲུང་གུང་ཏང་ཡོན། རྒྱལ་ཁབ་གློག་དྲ་ཅི་ལིན་གློག་འདོན་ཀུང་སི་ཅའོ་ཧུ་གྲོང་ཁྱེར་གློག་འདོན་ཀུང་སིའི་གློག་སྒྱུར་འཁོར་སྐྱོད་ལས་རེས་པ་དང་རིམ་པ་བརྒྱད་པའི་ལས་མིའི་འགན་གཅིག་ལྕོགས་སུ་བཞེས་ཡོད། སྤྱི་ལོ1999ལོའི་ཟླ2པར། སྔོན་ཆད་དཔའ་ངར་ཆེན་པོས་མཚོན་ཆ་བཟུང་བའི་མི་ངན་དང་འཐབ་པས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ལ། ཉེན་རྟོག་པར་རམ་འདེགས་སྒོས་མི་ངན་འཛིན་བཟུང་བྱས། སྤྱི་ལོ2025ལོའི་ཟླ1པོའི་ཚེས23ཉིན། ཅི་ལིན་ཞིང་ཆེན་ཅའོ་ཧུ་གྲོང་ཁྱེར་ཞིན་ནུང་སྲང་ལམ་ཧུང་ཀོང་གྲོང་ཚོའི་ཉེ་འགྲམ་གྱི་སུང་ཧྭ་གཙང་བོའི་ནང་ལྷུང་བའི་རླངས་འཁོར་ནང་གི་ཁྱིམ་མི་ལྔ་བདེ་བླག་ངང་བསྐྱབས། སྤྱི་ལོ2025ལོའི་ཟླ3པར། སྤྱི་ལོ2025ལོའི་དུས་ཚིགས་དང་པོའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་བདམས། སྤྱི་ལོ2025ལོའི་ཟླ12པར། ཅི་ལིན་ཞིང་ཆེན་སྐབས་བཞི་པའི“དམག་འཁྱུར་དམག་མི་ཡག་ཤོས”ལ་བདམས་པ་རེད། སྤྱི་ལོ2026ལོའི་ཟླ1པོར། སྤྱི་ལོ2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁག་བཞི་པའི་ནང་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张伟
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1978ལོའི་ཟླ9པ།
གྲུབ་འབྲས་གཙོ་བོ།
དཔའ་ངར་ཆེན་པོས་མཚོན་ཆ་བཟུང་བའི་མི་ངན་དང་འཐབ་ནས་རྨས་སྐྱོན་ཚབས་ཆེན་ཕོག་པ། གཙང་བོར་ལྷུང་བའི་རླངས་འཁོར་ནང་གི་ཁྱིམ་མི་ལྔ་བསྐྱབས་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ2025ལོའི་དུས་ཚིགས་དང་པོའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་བདམས། ཅི་ལིན་ཞིང་ཆེན་སྐབས་བཞི་པའི“དམག་འཁྱུར་དམག་མི་ཡག་ཤོས”ལ་བདམས། སྤྱི་ལོ2025ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁག་བཞི་པའི་ནང་བདམས།
རྟེན།
ཕོ།
འགན་བཞེས་ཁེ་ལས།
རྒྱལ་ཁབ་དྲ་བ་ཅི་ལིན་གློག་འདོན་ཀུང་སིའི་ཅའོ་ཧུ་གྲོང་ཁྱེར་གློག་འདོན་ཀུང་སི།
ལས་གནས།
གློག་སྒྱུར་སྐྱེལ་འདྲེན་སྲུང་སྐྱོབ་ལས་རེས་པ་དང་རིམ་པ་བརྒྱད་པའི་ལས་མི་ཡིན།
1 ​གཞོན་དུས་ཀྱི་བརྒྱུད་རིམ།

ཀྲང་ཝེ་ནི་དམག་འཁྱུར་དམག་མི་ཡིན་པ་དང་། སྤྱི་ལོ1995ལོའི་ཟླ12པར་དམག་ལ་ཞུགས། སྤྱི་ལོ1998ལོའི་ཟླ12པར་དམག་འཁྱུར་བྱས། དམག་དཔུང་དུ་སྡོད་པའི་སྐབས་སུ་བྱ་དགའ་ཐེངས་མང་ཐོབ་ནས་པེ་ཅིང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ཕུལ་བྱུང་དམག་མིར་བདམས། སྤྱི་ལོ1999ལོའི་ཟླ2པའི་ཚེས2ཉིན། ཀྲང་ཝེ་ཡིས་དཔའ་ངར་ཆེན་པོས་མཚོན་ཆ་བཟུང་བའི་མི་ངན་དང་འཐབ་པས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། མི་ངན་གཉིས་འཛིན་བཟུང་བྱས། དེར་བརྟེན“ཅི་ལིན་ཞིང་ཆེན་ཅའོ་ཧུ་གྲོང་ཁྱེར་གྱི་བདེན་འཛིན་དཔའ་བོ་ཧུར་བརྩོན་ཅན”དང་། “ཅའོ་ཧུ་གྲོང་ཁྱེར་གྱི་ཡ་རབས་གྲོང་མིའི་དཔེ་དམག” “ཅི་ལིན་གྲོང་ཁྱེར་གྱི་བདེན་འཛིན་དཔའ་བོ་དང་གཞན་ཕན་སྒྲུབ་པར་དགའ་བའི་གྲོང་མི་བཟང་བོ” “ཞིང་ཆེན་ཡོངས་ཀྱི་བདེན་འཛིན་དཔའ་བོའི་སྔོན་ཐོན་མི་སྒེར”སོགས་གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2003ལོར་ཀྲང་ཝེ་ཅའོ་ཧུ་གྲོང་ཁྱེར་ཞིང་ལས་གློག་ཤུགས་ཀུང་སིར་ཞུགས་པ་དང་། བསྟུད་མར་ལོ་བཞི་ལ་ཀུང་སིའི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ།

2 ལས་རིགས་ལོ་རྒྱུས། 

ཀྲང་ཝེ་ཡིས་ད་ལྟ་རྒྱལ་ཁབ་གློག་དྲ་ཅའོ་ཧུ་གྲོང་ཁྱེར་གློག་འདོན་ཀུང་སིའི་གློག་སྒྱུར་སྐྱེལ་འདྲེན་སྲུང་སྐྱོབ་འཛིན་གྲྭའི་ལས་རེས་པ་དང་རིམ་པ་བརྒྱད་པའི་ལས་མིའི་འགན་གཅིག་ལྕོགས་སུ་ཁུར་ཡོད། དམག་དཔུང་ནས་བུད་རྗེས། ཀྲང་ཝེ་ཡིས་གློག་ཤུགས་སྐྱེལ་འདྲེན་སྲུང་སྐྱོབ་ཀྱི་འཐབ་ས་དང་པོར་རྐང་ཚུགས་ནས་ལོ27སོང་། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་ཀྱིས་ལས་གནས་གཉེར་བ་དང་། དམག་མིའི་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་དེ་སྒྲིག་ཆས་སྐོར་ཞིབ་དང་མཁོ་བསྟུན་གློག་སྲུང་གི་ལས་ཀའི་ནང་མངོན་འགྱུར་བྱས། གནམ་གཤིས་ངན་པ་དང་ལས་འགན་གལ་ཆེན་གྱི་མདུན་དུ་ཁོ་རང་ནམ་ཡང་མདུན་གྲོས་སུ་བསྐྱོད་དེ་ལས་གྲོགས་ཀྱི་མིག་ནང་གི“ཡིད་རྟོན་རུང་བའི་རོགས་པ”རུ་གྱུར་ཡོད། ལས་ཀ་ཞིབ་ཚགས་ཡིན་པ་དང་ཆེད་ལས་དང་འགན་འཁྲིར་བརྟེན་ནས་ཅའོ་ཧུ་གློག་དྲའི་བདེ་འཇགས་སྲུང་སྐྱོབ་བྱས།

3 སྒེར་གྱི་འཚོ་བ།

ཀྲང་ཝེ་ལ་ལོ་ན9ལ་སོན་པའི་བུ་ཆུང་ཀྲང་ཁའེ་ཞིན་ཡོད།

4 གཟི་བརྗིད་མཚན་སྙན།

གཞོན་དུས། ཀྲང་ཝེ་ལ་ཅི་ལིན་ཞིང་ཆེན་གྱི་བདེན་འཛིན་དཔའ་བོའི་སྔོན་ཐོན་མི་སྒེར་དང་། ཅི་ལིན་ཞིང་ཆེན་ཅའོ་ཧུ་གྲོང་ཁྱེར་གྱི་བདེན་འཛིན་དཔའ་བོ་ཧུར་བརྩོན་ཅན། ཅའོ་ཧུ་གྲོང་ཁྱེར་གྱི་ཡ་རབས་གྲོང་མིའི་དཔེ་དམག། ཅི་ལིན་གྲོང་ཁྱེར་གྱི་བདེན་འཛིན་དཔའ་བོ་དང་གཞན་ཕན་སྒྲུབ་པར་དགའ་བའི་གྲོང་མི་བཟང་བོ། ཞིང་ཆེན་ཡོངས་ཀྱི་བདེན་འཛིན་དཔའ་བོའི་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2025ལོའི་ཟླ3པར། ཀྲང་ཝེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་སྤྱི་ལོ2025ལོའི་དུས་ཚིགས་དང་པོའི“བདེན་འཛིན་དཔའ་བོའི་མིང་ཐོའི”ནང་བདམས་པ་དང་། ཅི་ལིན་ཞིང་ཆེན་གྱི་མིང་ཐོའི་ནང་ཚུད་མཁན་གཅིག་པུ་ཡིན་ལ། རྒྱལ་ཁབ་གློག་དྲ་ཁོངས་གཏོགས་ཀྱི་མིང་ཐོའི་ནང་ཚུད་མཁན་གཅིག་པུའང་ཡིན།

སྤྱི་ལོ2025ལོའི་ཟླ12པར། ཀྲང་ཝེ་ལ་ཀྲུང་གུང་ཅི་ལིན་ཞིང་ཨུ་དྲིལ་བསྒྲགས་པུའུ་དང་ཅི་ལིན་ཞིང་ཆེན་དམག་འཁྱུར་དམག་མིའི་ལས་དོན་ཐིང་གིས་མཉམ་འབྲེལ་ཐོག་སྐབས་བཞི་པའི་ཅི་ལིན་ཞིང་ཆེན་གྱི“དམག་འཁྱུར་དམག་མི་ཡག་ཤོས”ཀྱི་མཚན་སྙན་གནང་བ་རེད།

སྤྱི་ལོ2026ལོའི་ཟླ1པོར། ཀྲང་ཝེ་སྤྱི་ལོ2025ལོའི“ཀྲུང་གོའི་མི་བཟང་གི་མིང་ཐོ”ཁག་བཞི་པར་གདམས་ནས་བདེན་འཛིན་དཔའ་བོའི་རིགས་ཀྱི་མིང་ཐོའི་ནང་བདམས་པ་རེད།

5 སྤྱི་ཚོགས་གདེང་འཇོག

བློ་མཐུན་ཀྲང་ཝེ་ཡི་སྔོན་ཐོན་བྱས་རྗེས་ནི་དམག་འཁྱུར་དམག་མིས་ས་གནས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་པའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། རྒྱལ་ཁབ་གློག་དྲ་ཅི་ལིན་གློག་འདོན་ཀུང་སིས་ལས་བཟོའི་དཔུང་ཁག་འཛུགས་སྐྱོང་དང་སྔོན་ཐོན་དཔེ་མཚོན་སྐྱེད་སྲིང་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ། དཔེ་བཟང་ལ་བརྩི་མཐོང་དང་སྔོན་ཐོན་ལ་སློབ་སྦྱོང་བྱེད་པའི་མཁའ་དབུགས་མཐུག་པོ་ཞིག་ཆགས་པར་བྱས་ཡོད། རྒྱ་ཆེའི་ལས་མིས་ལས་གནས་ཐོག་རྐང་ཚུགས་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། དྲང་ནུས་བརྒྱུད་སྤྲོད་བྱེད་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཀྲང་ཝེ། མི་སྣའི་ལོ་རྒྱུས།