རེན་ཝེ།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-02-10 08:52ལ་འགྲུབ།

རེན་ཝེ།

རེན་ཝེ།
ཁོང་ནི་སྤྱི་ལོ1976ལོའི་ཟླ6པར་ཧྲའན་ཞི་ཆི་ཧྲན་ནས་འཁྲུངས་ཤིང་། སྤྱི་ལོ1997ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ2003ལོའི་ཟླ7པར་བྱ་བར་ཞུགས། འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
任维
འཁྲུངས་ཡུལ།
ཧྲའན་ཞི་ཆི་ཧྲན།
རྒྱལ་ཁབ།
ཀྲུང་གོ།
འཁྲུངས་ལོ།
སྤྱི་ལོ1976ལོའི་ཟླ6པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཆིང་ཧྭ་སློབ་ཆེན།
1 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1993ལོའི་ཟླ9བ་ནས་སྤྱི་ལོ1998ལོའི་ཟླ9བའི་བར་ཆིང་ཧྭ་སློབ་ཆེན་དུ་ཚ་ནུས་བཟོ་སྐྲུན་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1998ལོའི་ཟླ9བ་ནས་སྤྱི་ལོ2003ལོའི་ཟླ7པའི་བར་ཆིང་ཧྭ་སློབ་ཆེན་ཚ་ནུས་སྒུལ་ཤུགས་ཆེད་ལས་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ2003ལོའི་ཟླ7པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སིའི་པེ་ཅིང་རྒྱལ་ཁབ་གློག་ཤུགས་ལུང་ཡོན་ཁོར་ཡུག་སྲུང་སྐྱོང་ལས་གྲྭ་ཚད་ཡོད་ཀུང་སིའི་སྙོམས་སྒྲིག་ཚོད་ལྟ་པུའའུ་ཡི་མཐོ་རིམ་རྣམ་གྲངས་ཀྱི་ཅིང་ལིའི་འགན་བཞེས། 

སྤྱི་ལོ2007ལོའི་ཟླ7པ་ནས་སྤྱི་ལོ2008ལོའི་ཟླ10བའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སི་རྒྱལ་ཁབ་གློག་ཤུགས་ཚན་རྩལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་གཞི་འཕེལ་རྒྱས་པུའུ་མཐོ་རིམ་ལས་སྒོའི་ཅིང་ལིའི་འགན་བཞེས། 

སྤྱི་ལོ2008ལོའི་ཟླ10བ་ནས་སྤྱི་ལོ2009ལོའི་ཟླ11པའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སིའི་རྒྱལ་ཁབ་གློག་ཤུགས་ཚན་རྩལ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཆར་འགོད་འཕེལ་རྒྱས་པུའི་ཅིང་ལི་གཞོན་པའི་འགན་བཞེས། 

སྤྱི་ལོ2009ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ5བའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སིའི་སྡེ་ཚོགས་ཨུ་ལྷན་གྱི་ཧྲུའུ་ཅི་དང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ2016ལོའི་ཟླ5བ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཙུའུ་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2018ལོའི་ཟླ5བའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྤྱི་ཁྱབ་ཅིང་ལི་གཞོན་པ། སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ2018ལོའི་ཟླ5བ་ནས་སྤྱི་ལོ2018ལོའི་ཟླ8པའི་བར་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་ཚོགས་པ་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཅིང་ལིའི་འགན་བཞེས། 

སྤྱི་ལོ2018ལོའི་ཟླ8པ་སན་སྤྱི་ལོ2020ལོའི་ཟླ3པའི་བར་ཀྲུང་གོའི་ཐང་ཆེན་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས། 

སྤྱི་ལོ2020ལོའི་ཟླ3པ་ནས་སྤྱི་ལོ2020ལོའི་ཟླ4བའི་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འོས་མིར་བདམས།

སྤྱི་ལོ2020ལོའི་ཟླ4བ་ནས་སྤྱི་ལོ2021ལོའི་ཟླ11པའི་བར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས། 

སྤྱི་ལོ2021ལོའི་ཟླ11པ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་བཞེས། 

2 གོ་གནས་བསྐོ་འཐེན། 

སྤྱི་ལོ2023ལོའི་ཟླ1པོའི་ཚེས16ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཚང་འཛོམས་གྲོས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཝུའུ་ཝུའེ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་། 

དཔྱད་གཞིའི་ཡིག་ཆ།