ཀྲུང་དབྱང་ལེགས་སྐྱེས་རིག་དངོས་དོ་དམ་ལྟེ་གནས།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-02-10 15:16ལ་འགྲུབ།

ཀྲུང་དབྱང་ལེགས་སྐྱེས་རིག་དངོས་དོ་དམ་ལྟེ་གནས།

ཀྲུང་དབྱང་ལེགས་སྐྱེས་རིག་དངོས་དོ་དམ་ལྟེ་གནས།
ཀྲུང་དབྱང་ལེགས་སྐྱེས་རིག་དངོས་དོ་དམ་ལྟེ་གནས་ནི་པེ་ཅིང་གྲོང་ཁྱེར་ཤར་ཁུལ་ཞི་ཞིང་ལུང་སྲང་ལམ་སྒོ་རྟགས་དང་པོར་གནས་པ་དང་། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཡིན། མིག་སྔར《མཛའ་མཐུན་འགྲོ་འོང་། ལས་དབང་གཅིག་མཐུན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕྱི་འབྲེལ་བྱེད་སྒོའི་ལེགས་སྐྱེས་འགྲེམ་སྟོན》བཙུགས་ནས་རིན་མེད་ངང་སྤྱི་ཚོགས་ཡོངས་ཀྱི་མི་དམངས་ལ་སྒོ་འབྱེད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央礼品文物管理中心
ཕྱི་ཡིག་གི་མིང་།
Central Gifts And Artifacts Center
ས་གནས།
པེ་ཅིང་གྲོང་ཁྱེར་ཤར་ཁུལ་ཞི་ཞིང་ལུང་སྲང་ལམ་སྒོ་རྟགས་དང་པོ།
སྒོ་འབྱེད་དུས་ཚོད།
9:00-17:00(16:00ལ་ནང་དུ་སོང་མི་ཆོག)གཟའ་ཟླ་བར་ལུགས་སྒྲུབ་སྒོ་རྒྱག་ཡིན། ཁྲིམས་བཀོད་དུས་ཆེན་དང་གུང་གསེང་ངམ་ཡང་ན་བྱེད་སྒོ་གལ་ཆེན་སྐབས་ཀྱི་སྒོ་འབྱེད་དུས་ཚོད་ལོགས་སུ་བརྡ་གཏོང་ངེས།
1 ​ལྟེ་གནས་ངོ་སྤྲོད།

ཀྲུང་དབྱང་ལེགས་སྐྱེས་རིག་དངོས་དོ་དམ་ལྟེ་གནས་ནི་པེ་ཅིང་གྲོང་ཁྱེར་ཤར་ཁུལ་ཞི་ཞིང་ལུང་སྲང་ལམ་སྒོ་རྟགས་དང་པོར་གནས་པ་དང་། རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཡིན། མིག་སྔར《མཛའ་མཐུན་འགྲོ་འོང་། ལས་དབང་གཅིག་མཐུན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕྱི་འབྲེལ་བྱེད་སྒོའི་ལེགས་སྐྱེས་འགྲེམ་སྟོན》བཙུགས་ནས་རིན་མེད་ངང་སྤྱི་ཚོགས་ཡོངས་ཀྱི་མི་དམངས་ལ་སྒོ་འབྱེད་བྱས་ཡོད།

2 འགྲེམ་སྟོན་གནས་ཚུལ།

《མཛའ་མཐུན་འགྲོ་འོང་། ལས་དབང་གཅིག་མཐུན། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕྱི་འབྲེལ་བྱེད་སྒོའི་ལེགས་སྐྱེས་འགྲེམ་སྟོན》གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཕྱི་འབྲེལ་བྱེད་སྒོའི་ནང་ཕར་ཕྱིན་ཚུར་ལེན་གྱི་མཚོན་བྱེད་རང་བཞིན་ལྡན་པའི་ལེགས་སྐྱེས(ཆ་ཚང)680ལྷག་ཙམ་བརྒྱུད། བློ་མཐུན་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ཞི་ཅིང་ཕིང་བཅས་མཚོན་བྱེད་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མི་ཡིས་ཀྲུང་གོ་གསར་བའི་ཕྱི་འབྲེལ་ལས་དོན་གྱི་མཚར་སྡུག་ལོ་རྒྱུས་གསར་འབྱེད་དང་གོང་འཕེལ་བཏང་སྟེ་གྲུབ་འབྲས་འོད་སྟོང་ལྡན་པ་བླངས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིང་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྤེལ་བ་དང་། མིའི་རིགས་ལས་དབང་གཅིག་མཐུན་གྱི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་པའི་རླབས་ཆེན་ལག་ལེན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྐུལ་འདེད་བཏང་བ་འགྲེམ་སྟོན་བྱས་ཡོད།

འགྲེམ་སྟོན་དེ་གཅིག་ཐོག་དང་གཉིས་ཐོག་གི་འགྲེམ་སྟོན་ཁང་དུ་བཙུགས་ཡོད་པ་དང་། འགྲེམ་ཁུལ་གཙོ་བོ་དང་། ཆེད་དོན་འགྲེམ་ཁུལ་དང་པོ། ཆེད་དོན་འགྲེམ་ཁུལ་གཉིས་པ་བཅས་སུ་དབྱེ། འགྲེམ་ཁུལ་གཙོ་བོར་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཕྱི་འབྲེལ་བྱེད་སྒོའི་ནང་ཕུལ་བའི་མཚོན་བྱེད་རང་བཞིན་གྱི་ལེགས་སྐྱེས་གཙོ་བོ་འགྲེམ་སྟོན་བྱས་ཡོད་པ་དང་། ཆེད་དོན་འགྲེམ་ཁུལ་དང་པོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཚོགས་ར་གཙོ་བོའི་ཕྱོགས་མང་ཕྱི་འབྲེལ་བྱེད་སྒོའི་ཕྱི་ཕྱོགས་ལ་བསྩལ་བའི་ལེགས་སྐྱེས་གཙོ་བོ་འགྲེམ་སྟོན་བྱས་ཡོད། ཆེད་དོན་འགྲེམ་ཁུལ་གཉིས་པར་ཤེས་རིག་རིག་གནས་མི་འདྲ་བ་དང་ས་ཁོངས་ཡུལ་སྲོལ་མི་འདྲ་བའི་ལེགས་སྐྱེས་འགྲེམ་སྟོན་བྱས་ཡོད། ཉིན་རེའི་ཆུ་ཚོད10:00དང15:00ལ་རིན་མེད་ངང་རྒྱ་སྐད་ཀྱི་འགྲེལ་བཤད་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད།

3 ཁ་ཆད་བྱེད་སྟངས།


གོ་ཆོད་འཛིན་ཡིག(སྡོད་དམངས་ཐོབ་ཐང་ལག་ཁྱེར་དང་། ལམ་ཡིག། ཞང་ཀང་དང་ཨའོ་མུན་གྱི་སྡོད་དམངས་ནང་ལོག་ལ་འགྲོ་འོང་བྱེད་པའི་ལམ་ཡིག། ཐའེ་ཝན་གྱི་སྡོད་དམངས་སྐམ་སར་འགྲོ་འོང་བྱེད་པའི་ལམ་ཡིག་སོགས)ལ་བརྟེན་ནས་ཉིན་དྲུག་གི་སྔོན་དུ་སྐད་འཕྲིན་སྤྱི་སྟེགས་སམ་ཡང་ན་དྲ་ཐོག་འཚམས་འདྲི་བྱེད་པའི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ཁ་ཆད་བྱས་ཆོག།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2021ལོའི་ཟླ6ཚེས19ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི”ཞེས་པའི་མིང་བཏགས།

སྤྱི་ལོ2025ལོའི་ཟླ5པར། སྐབས་བདུན་པའི“རྒྱལ་ཡོངས་ཤེས་རིག་ལས་ཁུངས”ཀྱི་མཚན་སྙན་ཐོབ།

5 ལྟེ་གནས་ཀྱི་ས་གནས།

པེ་ཅིན་གྲོང་ཁྱེར་ཤར་ཁུལ་ཞི་ཞིང་ལུང་སྲང་ལམ་སྒོ་རྟགས་དང་པོ།

.png

6 མཐའ་འཁོར་འགྲིམ་འགྲུལ།

ས་འོག་ལྕགས་ལམ། ལམ་ཐིག2པ་དང5པའི་ཁྲུང་ཝུན་མོན་ས་ཚིགས། ལམ་ཐིག7པའི་ཆའོ་ཝན་ས་ཚིགས།

སྤྱི་སྤྱོད་རླངས་འཁོར། 110ལམ་གྱི་རྡར་བའི་བཟོ་གྲྭ་དང་། 44ལམ་གྱི་ཕྱི་སྐོར། 44ལམ་གྱི་ནང་སྐོར། ལམ9པ། 8པ། 60པ། 142པ། 599པ། 622པའི་ཐའེ་ཅི་བཟོ་གྲྭའི་ལམ་གྱི་ནུབ་ངོས་དང་། ལམ41པ། 103པ། 137ཡི་ཐའེ་ཅི་བཟོ་གྲྭའི་ལམ་གྱི་ཤར་ངོས།


མཐའ་འཁོར་གྱི་རླངས་འཁོར་འཇོག་ས། ཞི་ཞིང་ལུང་སྲང་ལམ་ལྷོ་ངོས་ཀྱི་རླངས་འཁོར་འཇོག་ས་དང་། ཞིན་ཀུ་ལམ་ཟུར་ངོས་ཀྱི་རླངས་འཁོར་འཇོག་ས། མདུན་སྒོའི་ཤར་ལམ་ཟུར་གྱི་རླངས་འཁོར་འཇོག་ས་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།