ཀུའོ་ཐིའེ་ཅན།སྔ་མའི་པར་གཞི་དེ བུན་ཁྲང་རྡོ་རྗེ།  ནས 2026-02-10 16:37ལ་འགྲུབ།

ཀུའོ་ཐིའེ་ཅན།

ཀུའོ་ཐིའེ་ཅན།
བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་དམག་སྡེ་གསུམ་པའི་ཡན་ལག་རུ་ཁག་དགུ་པའི་ཆབ་སྲིད་ཨུ་ཡོན་དང་འཇར་འགོག་སྔོན་གཤེགས་དཔའ་བོ། ཀུའོ་ཐིའེ་ཅན།(སྤྱི་ལོ1911ལོ་ནས་སྤྱི་ལོ1941ལོའི་ཟླ9པའི་ཚེས20ཉིན)བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་དམག་སྡེ་གསུམ་པའི་ཡན་ལག་རུ་ཁག་དགུ་པའི་ཆབ་སྲིད་ཨུ་ཡོན་ཡིན། ཧེ་ལུང་ཅང་ཞིང་ཆེན་ལིན་ཁོའུ་རྫོང་གི་ཡིན། སྤྱི་ལོ1935ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1930ལོར། ཀུའོ་ཐིའེ་ཅན་གྱིས་དབྱི་ལན་རྫོང་དགེ་འོས་སློབ་འབྲིང་དུ་རྒྱུགས་འཕྲོད། སྤྱི་ལོ1935ལོའི་ལོ་མགོར། ཀུའོ་ཐིའེ་ཅན་གསར་བརྗེའི་བྱེད་སྒོར་ཞུགས། ཟླ5པར། ཀུའོ་ཐིའེ་ཅན་གྱིས་ཀྲུང་གུང་ཏའོ་ལིན་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས་ཏེ། ཧུར་ཐག་གིས་མང་ཚོགས་ཀྱི་མགོ་ཁྲིད་དེ་འཇར་འགོག་རྒྱལ་སྐྱོབ་ལས་འགུལ་སྤེལ། ཟླ8པར། ཀུའོ་ཐིའེ་ཅན་གྱིས་བྱང་ཤར་མི་དམངས་གསར་བརྗེ་དམག་གི་འབུམ་དཔུང་གསུམ་པའི་ཐོན་དང་པོའི་ངེས་མེད་རྒོལ་རྡུང་བརྒྱ་ཤོག་གི་བརྒྱ་དཔོན་གྱི་འགན་བཞེས། སྤྱི་ལོ1937ལོའི་དཔྱིད་ཀར། ངེས་མེད་རྒོལ་རྡུང་བརྒྱ་ཤོག་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་ཅུན་དགུ་བའི་མགོ་ཁྲིད་ཀྱི་ཁོངས་སུ་བསྒྲིལ་བ་དང་། ཀུའོ་ཐིའེ་ཅན་གྱིས་བརྒྱ་ཤོག་གི་ཆབ་སྲིད་མཛུབ་སྟོན་པའི་འགན་ཁུར། ཟླ5པར། ཀུའོ་ཐིའེ་ཅན་གྱིས་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་འབུམ་དཔུང་དགུ་པའི་ཅུན་པུའུ་ཡི་ཁོ་ཀྲང་གི་འགན་བཞེས་ཤིང་། གཙོ་བོ་ཆབ་སྲིད་ཀྱི་བྱ་བ་བསྒྲུབས། སྤྱི་ལོ1938ལོའི་ཟླ1པོར། ཀུའོ་ཐིའེ་ཅན་གྱིས་ཅུན་དགུ་པའི་ཧྲི་ཤོག་དང་པོའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། ཅུན་དགུ་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་ཁྲིད་དམག་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར། ཟླ5པར། ཀུའོ་ཐིའེ་ཅན་གྱིས་ཅུན་དགུ་པའི་ཧྲི་ཤོག་གཉིས་པའི་ཧྲི་ཀྲང་གི་འགན་བཞེས། ཟླ6པར། ཀྲུང་གུང་པའེ་མན་གནས་སྐབས་ཞིང་ཆེན་ཏང་ཨུའི་ཐག་གཅོད་ལྟར། ཝེ་ཁྲང་ཁུའེ་དང་ཁྲང་ཡིའུ་ཅུན། ཀུའོ་ཐིའེ་ཅན་བཅས་ཀྱིས་པའེ་མན་དམག་དཔུང་ཁག་དང་པོའི་སྣེ་ཁྲིད་དེ་ནུབ་ཕྱོགས་སུ་དཔུང་འཇུག་བྱས། དཀའ་སྡུག་ཚད་མེད་མྱངས་ནས་བདེ་བླག་ངང་ཧའེ་ལོན་ལ་སླེབས། སྤྱི་ལོ1939ལོའི་ལོ་མགོར། པའེ་མན་འཇར་འགོག་མཉམ་འབྲེལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཁང་གི་ནུབ་བྱང་གནས་སྐབས་བཀོད་འདོམས་པུའུ་བཙུགས་པ་དང་། ཀུའོ་ཐིའེ་ཅན་གྱིས་ནུབ་བྱང་གནས་སྐབས་བཀོད་འདོམས་པུའུ་ཡི་དྲག་ཇུས་དམག་དཔོན་དང་ཡན་ལག་རུ་ཁག་བཞི་པའི་དྲག་ཇུས་དམག་དཔོན་གྱི་འགན་བཞེས། སྤྱི་ལོ1940ལོའི་ཟླ4པར། ཀུའོ་ཐིའེ་ཅན་གྱིས་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་དམག་སྡེ་གསུམ་པའི་ཡན་ལག་རུ་ཁག་དགུ་པའི་དྲག་ཇུས་དམག་དཔོན་གྱི་འགན་བཞེས། ཟླ9པར། ཀུའོ་ཐིའེ་ཅན་གྱིས་ཡན་ལག་རུ་ཁག་དགུ་པའི་ཆབ་སྲིད་ཨུ་ཡོན་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ1941ལོའི་ཟླ8པར། ངེས་མེད་རྒོལ་རྡུང་ས་ཁུལ་གསར་བ་འཛུགས་ཆེད་ཀུའོ་ཐིའེ་ཅན་གྱིས་ཡན་ལག་རུ་ཁག་དགུ་པའི་རུ་ཆེན་ཉེར་དྲུག་པའི་སྣེ་ཁྲིད་དེ་ནེ་ཧུ་ནས་ནེན་ཅང་དུ་རྒྱང་སྐྱོད་བྱས།  སྤྱི་ལོ1941ལོའི་ཟླ9པའི་ཚེས20ཉིན། ཀུའོ་ཐིའེ་ཅན་གྱིས་དམག་དཔུང་ཁྲིད་དེ་ཧེ་ལུང་ཅང་ནེན་ཅང་གཙང་བོའི་ནུབ་ངོགས་དང་ནེ་ཧུ་འབྲེལ་མཚམས་ཀྱི་ཀུའོ་ཉི་ཐུན(དེང་གི་མོ་ལི་ཏཱ་ཝ་ཆི)དུ་སྐྱོད་སྐབས་དགྲ་བོས་བསྐོར། འཐབ་འཛིང་དྲག་པོའི་ཁྲོད་ཀུའོ་ཐིའེ་ཅན་གཟི་བརྗིད་ལྡན་པའི་ངང་རང་སྲོག་ཤོར། དགུང་ལོ30ཐོན་པ་ཙམ་ཡིན། སྤྱི་ལོ2015ལོའི་ཟླ8པའི་ཚེས24ཉིན། ཀུའོ་ཐིའེ་ཅན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ཁག་གཉིས་པའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་ཐོའི་ནང་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郭铁坚
མིང་གཞན།
ཀུའོ་ཁྲེང་ཝུན།
རྟེན།
ཕོ།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅི་ལིན་ཞིང་ཆེན་དབྱི་ལན་རྫོང་ཏའོ་ལིན་གྲོང་རྡལ་ཏ་ཐུང་ཀོའུ(ད་ལྟའི་ཧེ་ལུང་ཅང་ཞིང་ཆེན་ལིན་ཁོའུ་རྫོང་ཅན་ཐང་ཞང་ཏ་ཐུང་ཀོའུ་སྡེ་བ)
སྐྱེས་དུས།
སྤྱི་ལོ1911ལོའི་ཟླ4པ།
སྐུ་གཤེགས་དུས།
སྤྱི་ལོ1941ལོའི་ཟླ9པའི་ཚེས20ཉིན།
ཆབ་སྲིད་ཀྱི་རྣམ་པ།
ཀྲུང་གུང་ཏང་ཡོན།
1 མི་སྣའི་ལོ་རྒྱུས།
1_1 གཞོན་དུས་ཀྱི་བརྒྱུད་རིམ།།


སྤྱི་ལོ1911ལོའི་ཟླ4པར། ཀུའོ་ཐིའེ་ཅན་ཅི་ལིན་ཞིང་ཆེན་དབྱི་ལན་རྫོང་ཏའོ་ལིང་གྲོང་རྡལ་ཏ་ཐུང་ཀོའུ(ད་ལྟའི་ཧེ་ལུང་ཅང་ཞིང་ཆེན་ལིན་ཁོའུ་རྫོང་ཅན་ཐང་ཞང་ཏ་ཐུང་ཀོའུ)ཡི་ཞིང་དབུལ་ཁྱིམ་ཚང་ཞིག་ཏུ་སྐྱེས། མིང་ལ་ཀུའོ་ཁྲེང་ཝུན་ཟེར། ཀུའོ་ཐིའེ་ཅན་ཚང་ལ་ཁྱིམ་མི་བདུན་ཡོད་པ་དང་། ཀུའོ་ཐིའེ་ཅན་ནི་བུ་གཉིས་པ་ཡིན། ཁྱིམ་དུ་ཁང་མིག་གཅིག་ཀྱང་མེད། ས་ཞིང་གཅིག་ཀྱང་མེད། ས་བདག་ལི་ཧའེ་ཚང་གི་ས་ཞིང་གླས་ནས་འཚོ་བ་རོལ་བཞིན་ཡོད། ཀུའོ་ཐིའེ་ཅན་ལོ13ལ་སོན་དུས། ཨ་ཕས་ཁོ་རང་སློབ་གྲྭར་འགྲོ་བར་དགའ་བ་མཐོང་ནས། མ་འོངས་པར་ཡི་གེ་ཤེས་ནས་མདུན་ལམ་རེ་ཨེ་ཡོད་རེ་བ་བྱེད་ཀྱིན་ཡོད། ཁྱིམ་མི་ཡོངས་ཀྱིས་ཟས་གོས་གྲོན་ཆུང་བྱས་ནས་ཁོ་རང་ཏའོ་ལིན་སློབ་ཆུང་དུ་བསྐྱལ། ཀུའོ་ཐིའེ་ཅན་གྱིས་ཁྱིམ་ཚང་དབུལ་བོའི་ཕྲུ་གུ་སློབ་གྲྭར་འགྲོ་རྒྱུ་ནི་ལས་སླ་བོ་ཞིག་མིན་པ་ཤེས་ནས་ནང་མིའི་དཀའ་སྡུག་ཤེས་ཏེ། སློབ་སྦྱོང་ལ་འབད་བརྩོན་བྱས་པས་ཕུལ་བྱུང་གི་སྦྱངས་འབྲས་བླངས་ཏེ་སློབ་མཐར་ཕྱིན།

སྤྱི་ལོ1930ལོར། ཀུའོ་ཐིའེ་ཅན་གྱིས་དབྱི་ལན་རྫོང་གིས་བཙུགས་པའི་སློབ་འབྲིང་དུ་རྒྱུགས་འཕྲོད། སྐབས་དེར། སློབ་འབྲིང་འདི་ནི་དབྱི་ལན་ས་ཁུལ་གྱི་ཡར་ཐོན་གཞོན་ནུ་དང་ཤེས་ཡོན་ཅན་འདུས་པའི་ས་ཆ་ཞིག་ཡིན། ཀུའོ་ཐིའེ་ཅན་གྱིས་འདི་རུ་གསར་བརྗེའི་བསམ་བློ་དང་ལེན་བྱས་ཏེ། ཧུར་ཐག་གིས་གསར་བརྗེའི་བྱེད་སྒོ་ལ་ཞུགས།

1_2 འཇར་འགོག་དམག་འཁྲུག་དུས་སྐབས།

སྤྱི་ལོ1931ལོར། དགུ་པའི་བཅོ་བརྒྱད་དུས་འགྱུར་གྱི་རྗེས་སུ། ཀུའོ་ཐིའེ་ཅན་སེམས་སྡུག་དང་ཁོང་ཁྲོ་སྐྱེས་ཤིང་། མི་རིགས་ཀྱི་ཞེ་འཁོན་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་ཁོང་གི་སེམས་སུ་དྲག་ཏུ་འཕྱུར་བཞིན་ཡོད།

སྤྱི་ལོ1933ལོར། ཀུའོ་ཐིའེ་ཅན་སློབ་འབྲིང་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག། ཁོས་བསླབས་པའི་ཤེས་བྱ་དང་དང་ལེན་བྱས་པའི་གསར་བརྗེའི་བསམ་བློས་ས་གནས་དེ་གའི་མང་ཚོགས་ལ་སློབ་གསོ་བཏང་ནས་མང་ཚོགས་མཐུན་སྒྲིལ་གྱིས་འཇར་འགོག་བྱེད་པར་སྐུལ་འདེད་བཏང་།

སྤྱི་ལོ1935ལོའི་ལོ་མགོར། ཀྲུང་གུང་ཏང་ཡོན་ཅིང་ཅིང་ཧྲི་ཏའོ་ལིན་རྒྱུད་དུ་གསང་བའི་གསར་བརྗེའི་བྱ་འགུལ་སྤེལ་བར་མངགས་ནས་འཇར་རྒོལ་རྒྱལ་སྐྱོབ་ཚོགས་པ་བཙུགས། ཀུའོ་ཐིའེ་ཅན་གྱིས་ཅིང་ཅིང་ཧྲི་ངོ་ཤེས་རྗེས། མྱུར་དུ་མར་ཁེ་སི་རིང་ལུགས་ཀྱི་བསམ་བློ་དང་ལེན་བྱས་ཤིང་། མེ་མདའ་བཟུང་ནས་དྲག་པོའི་འཐབ་རྩོད་བྱས་ན། ད་གཟོད་འཇར་པན་བཙན་འཛུལ་བ་ཀྲུང་གོ་ནས་ཕྱིར་སྐྲོད་ཐུབ་པ་རིམ་གྱིས་ཤེས།

.png

སྔོན་གཤེགས་དཔའ་བོ་ཀུའོ་ཐིའེ་ཅན་གྱི་སྐུ་པར་བྲིས་མ།


སྤྱི་ལོ1937ལོའི་དཔྱིད་ཀར། ཅུན་ཤོག་གསུམ་པའི་ཅུན་དཔོན་ཀྲའོ་ཧྲང་ཀྲི་ཡིས་ཅུན་ཤོག་གསུམ་པའི་ཐོན་དང་པོའི་ངེས་མེད་རྒོལ་རྡུང་བརྒྱ་ཤོག་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་ཅུན་ཤོག་དགུ་པའི་མགོ་ཁྲིད་ལ་སྤྲད་པ་དང་། ཀུའོ་ཐིའེ་ཅན་གྱིས་ངེས་མེད་རྒོལ་རྡུང་བརྒྱ་ཤོག་གི་ཆབ་སྲིད་མཛུབ་སྟོན་པའི་འགན་ཁུར། ཟླ5པར། ཀུའོ་ཐིའེ་ཅན་གྱིས་ཅུན་དགུ་པའི་ཅུན་པུའུ་ཡི་ཁོ་ཀྲང་གི་འགན་བཞེས། སྔ་གཞུག་ཏུ་ཧྲི་གསུམ་པ་དང་ཧྲི་དང་པོར་ཆབ་སྲིད་ཀྱི་བྱ་བ་བསྒྲུབས།

.png

ཅུན་ཤོག་དགུ་པའི་ཧྲི་ཤོག་གཉིས་པའི་ཧྲི་ཀྲང་གི་འགན་བཞེས་དུས་ཀུའོ་ཐིའེ་ཅན་གྱིས་དབྱི་ཧྥེང་ལ་སྤྲིངས་པ།


སྤྱི་ལོ1939ལོའི་ལོ་མགོར། པའེ་མན་འཇར་འགོག་མཉམ་འབྲེལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཁང་གི་ནུབ་བྱང་གནས་སྐབས་བཀོད་འདོམས་པུའུ་བཙུགས་པ་དང་། དམག་དཔུང་ཡན་ལག་རུ་ཁག་བཞི་དང་སྒེར་ཚུགས་ཧྲི་གཉིས་སུ་བསྒྱུར། ཡན་ལག་རུ་ཁག་བཞི་པ་ནི་ཅུན་དྲུག་པའི་ཧྲི་གསུམ་པ་དང་ཅུན་བཅུ་གཅིག་པའི་ཧྲི་དང་པོའི་དཔུང་ཁག་རེ་རེ་ལས་གྲུབ་པ་དང་། ལེ་ཡན་གྱིས་ཡན་ལག་རུ་ཁག་གི་རུ་དཔོན་དང་། ཀོན་ཧྲུའུ་ཞུན་གྱིས་ཆབ་སྲིད་ཨུ་ཡོན་གྱི་འགན་ཁུར། ཀུའོ་ཐིའེ་ཅན་གྱིས་ནུབ་བྱང་གནས་སྐབས་བཀོད་འདོམས་པུའུ་ཡི་དྲག་ཇུས་པ་དང་ཡན་ལག་རུ་ཁག་བཞི་པའི་དྲག་ཇུས་དམག་དཔོན་གྱི་འགན་གཅིག་ལྕོགས་སུ་ཁུར། དེའི་རྗེས་སུ་ལེ་ཡན་དང་ཀུའོ་ཐིའེ་ཅན་གྱིས་ཡན་ལག་རུ་ཁག་བཞི་པའི་སྣེ་ཁྲིད་དེ་སུའེ་ལིང་དང་། ཧའེ་ལུན། སུའེ་ཧྭ། ཝང་ཁུའེ་སོགས་ས་ཆར་དམག་འཐབ་བྱས་ཏེ། དུས་ངེས་མེད་དུ་འཇར་དམག་ལ་འཇབ་རྒོལ་བྱས་པས། དགྲ་བོའི་ཉིན་མཚན་གཉིས་ཀྱི་བདེ་བ་དཀྲོགས། ཟླ7པར། སྔོན་གྱི་ཅུན་དགུ་པའི་ཅུན་ཀྲང་ལི་ཧྭ་ཐང་གིས་དགྲ་བོར་མགོ་བཏགས་པ་དང་། ཀུའོ་ཐིའེ་ཅན་གྱིས་མགོ་ཁྲིད་པའི་དམག་དཔུང་དེ་འཇར་འགོག་མཉམ་འབྲེལ་དམག་དཔུང་གི་དམག་དཔུང་དགུ་པའི་ནང་ལྷག་པའི་མེ་སོན་གཅིག་པུར་གྱུར། ཅུན་དགུ་པའི་ལྷག་མ་རྣམས་ཁ་ཐོར་དུ་བཤིག་ནས་བསྒྲིགས་པ་རེད། ཀུའོ་ཐིའེ་ཅན་གྱིས་དེ་སྔའི་དམག་དཔུང་དགུ་པའི་ནང་མཐའ་གཅིག་ཏུ་འཇར་འགོག་མཐའ་འཁྱོལ་བྱེད་པའི་འཐབ་གྲོགས་རྣམས་ལ་མཐུན་སྒྲིལ་དང་རྩ་འཛུགས་བྱེད་པའི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ཏེ། ཏང་གི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ལྷག་བསམ་རྣམ་དག་གིས་ལག་ལེན་མཐར་ཕྱིན་བྱས་ཏེ། འཇར་འགོག་དམག་འཁྲུག་མཐུན་སྒྲིལ་རྒྱ་སྐྱེད་གཏོང་བར་འབད་བརྩོན་ཆེན་པོ་བྱས་པས། དམག་དཔུང་འདིས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་རྒྱུན་འཁྱོངས་ཐུབ་པ་བྱུང་།

སྤྱི་ལོ1940ལོའི་ཟླ4པར། ལྷོ་བྱང་གཙང་བོའི་གྲོས་ཚོགས་འཚོགས་ཤིང་། དམག་དཔུང་བཅོས་སྒྲིག་བྱས། ཀུའོ་ཐིའེ་ཅན་གྱིས་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་དམག་སྡེ་གསུམ་པའི་ཡན་ལག་རུ་ཁག་དགུ་པའི་ཚན་མོའུ་ཀྲང(ཡན་ལག་རུ་ཁག་གི་རུ་དཔོན་ཁྲེན་ཧྲའོ་པིན་དང་ཆབ་སྲིད་ཨུ་ཡོན་ཀའོ་ཡུའུ་མིན)གི་འགན་བཞེས་ཏེ། མུ་མཐུད་དུ་རུ་ཁག་གི་སྣེ་ཁྲིད་དེ་ཤར་འདུལ་ནུབ་འདུལ་བྱས། ལྷོ་བྱང་དུ་དམག་འཐབ་བྱས་ནས་དགྲ་བོར་རྡུང་རྡེག་བྱས། ཡན་ལག་རུ་ཁག་དགུ་པ་ཡིས་ལྷོ་བྱང་གཙང་བོ་རྒྱབ་ཕྱོགས་ཀྱི་རྟེན་གཞི་བྱས་ཏེ་པེ་ཨན་དང་། ཐུང་པེ། ཁེ་ཧྲན། པའེ་ཆོན་སོགས་རྫོང་དུ་འགུལ་སྐྱོད་བྱས། ཟླ9པར། ཡན་ལག་རུ་ཁག་དགུ་པའི་ཆབ་སྲིད་ཨུ་ཡོན་ཀའོ་ཡུའུ་མིན་དེ་ཝང་མིན་ཀུའེ་ཡིས་མགོ་ཁྲིད་པའི་ཡན་ལག་རུ་ཁག་གསུམ་པར་ལས་གནས་སྤར། ཀུའོ་ཐིའེ་ཅན་གྱིས་ཡན་ལག་རུ་ཁག་དགུ་པའི་ཆབ་སྲིད་ཨུ་ཡོན་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར།

.png

འཇར་པན་དང་སྲིད་གཞུང་རྫུན་མའི་ཡིག་ཚགས་ནང་གི་ཀུའོ་ཐིའེ་ཅན།


སྤྱི་ལོ1941ལོར། འཇའ་པན་གྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་འཁྲུག་སློང་ཆེད་གདུག་རྩུབ་ཆེན་པོའི་ངང་བྱང་ཤར་ལ་དབང་སྒྱུར་བྱས། ཟླ8པར། ངེས་མེད་རྒོལ་རྡུང་ས་ཁུལ་གསར་བ་འཛུགས་ཆེད། ཀུའོ་ཐིའེ་ཅན་དང་དམག་དཔོན་གཞོན་པ་ཚའོ་ཡུའུ་ཁུའེ་ཡིས་ཡན་ལག་རུ་ཁག་དགུ་པའི་རུ་ཆེན་ཉེར་དྲུག་པ་ཁྲིད་དེ་ནེ་ཧོ་ནས་ནེན་ཅང་ལ་རྒྱང་སྐྱོད་བྱས།

1_3 རང་སྲོག་བློས་བཏང་བ།

སྤྱི་ལོ1941ལོའི་ཟླ9པའི་ཚེས20ཉིན། ཀུའོ་ཐིའེ་ཅན་གྱིས་དམག་དཔུང་ཁྲིད་དེ་ནེན་ཅང་གཙང་བོའི་ནུབ་ངོགས་དང་ནེ་ཧོ་འབྲེལ་མཚམས་ཀྱི་ཀུའོ་ཉི་ཐུན(དེང་གི་ནང་སོག་མའོ་ལི་ཏཱ་ཝ་ཆི་ཏེང་ཐེ་ཁོ་གྲོང་རྡལ་ཀུའོ་ཉི་སྡེ་བ)དུ་སྐྱོད་སྐབས། གློ་བུར་དུ་དགྲ་བོས(ཨང་ཨང་ཞི་ཐེན་ཀྲུང་དང་པའེ་ཝན་དྲག་འདུལ་རུ་ཁག)མཐའ་ནས་བསྐོར། དགྲ་བོ་དང་མཐོ་གནོན་བཙན་ས་འཕྲོག་རེས་བྱེད་པའི་ཛ་དྲག་ཆེ་བའི་འཐབ་འཛིང་ཁྲོད། ཀུའོ་ཐིའེ་ཅན་གཟི་བརྗིད་ལྡན་པའི་ངང་རང་སྲོག་ཤོར། དགུང་ལོ30ལ་ཐོན་པ་ཙམ་ཡིན།

2 བང་སོའི་ས་གནས།


ཀུའོ་ཐིའེ་ཅན་གྱི་སྔོན་གཤེགས་དཔའ་བོའི་བང་སོ་དེ་མོ་ལི་ཏཱ་ཝའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཡོད།

.png

མོ་ལི་ཏཱ་ཝའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཡོད་པའི་སྔོན་གཤེགས་དཔའ་བོ་ཀུའོ་ཐིའེ་ཅན་གྱི་བང་སོ།

3 རྗེས་དྲན། 

སྤྱི་ལོ2015ལོའི་ཟླ8པའི་ཚེས24ཉིན། ཀུའོ་ཐིའེ་ཅན་དམངས་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་ཐོའི་ནང་གདམས།

དཔྱད་གཞིའི་ཡིག་ཆ།