སྤྱི་ལོ1997ལོའི་ཟླ9པ་ནས་སྤྤྱི་ལོ2001ལོའི་ཟླ7པའི་བར་ལྷོ་ནུབ་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སུ་སློབ་སྦྱོང་གནང་།
སྤྱི་ལོ2001ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ9པའི་བར་ལས་གནས་ལ་སྒུག་སྡོད་བྱས།
སྤྱི་ལོ2001ལོའི་ཟླ9པ་ནས་སྤྱི་ལོ2002ལོའི་ཟླ10པའི་བར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུ་གཞུང་ལས་ཁང་གི་ཁོའོ་ཡོན་གྱི་འགན་བཞེས།
སྤྱི་ལོ2002ལོའི་ཟླ10པ་ནས་སྤྱི་ལོ2003ལོའི་ཟླ10པའི་བར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུའི་ལས་ཁུངས་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས།(ཁོའོ་རིམ་པ་གཞོན་པ)
སྤྱི་ལོ2003ལོའི་ཟླ10པ་ནས་སྤྱི་ལོ2010ལོའི་ཟླ8པའི་བར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུ་གཞུང་དོན་ཁང་གི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།
སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ3པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་དངུལ་ཁང་ཁྲུའུ་གསུམ་དུ་གོ་གནས་སྦྱར་ནས་ཁོའོ་རིམ་པ་རྒན་པའི་ལས་དོན་པ་དང་ཡན་ལག་དངུལ་ཁང་ཚོགས་པའི་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2010ལོའི་ཟླ8པའི་བར་གུང་གཞོན་ཚོག་ས་པ་མཚོ་སྔོན་ཞིང་ཆེན་བཟོ་ཞིང་གཞོན་ནུ་པུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།
སྤྱི་ལོ2010ལོའི་ཟླ8པ་ནས་སྤྱི་ལོ2013ལོའི་ཟླ8པའི་བར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།
སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2014ལོའི་ཟླ9པའི་བར་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཨུ་སློབ་གྲྭའི་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།
སྤྱི་ལོ2014ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ3པའི་བར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
སྤྱི་ལོ2016ལོའི་ཟླ4པ་ནས་སྤྱི་ལོ2021ལོའི་ཟླ4པའི་བར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།
སྤྱི་ལོ2021ལོའི་ཟླ4པ་ནས་སྤྱི་ལོ2021ལོའི་ཟླ8པའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2021ལོའི་ཟླ8པ་ནས་སྤྱི་ལོ2024ལོའི་ཟླ9པའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུ་དང་མདའ་བཞི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།
སྤྱི་ལོ2024ལོའི་ཟླ9པ་ནས་སྤྱི་ལོ2024ལོའི་ཟླ10པའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པའི་འོས་མི། ཁུལ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
སྤྱི་ལོ2024ལོའི་ཟླ10པ་ནས་སྤྱི་ལོ2025ལོའི་ཟླ5པའི་བར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་སྲིད་འཛིན་སློབ་གླིང་གི་ཡོན་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།
སྤྱི་ལོ2025ལོའི་ཟླ5པ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཁོ་ཚོང་མཉམ་ལས་མཉམ་འབྲེལ་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ལས་འཛིན་ལྷན་ཚོགས་ཀྲུའུ་རེན་གྱི་འགན་བཞེས།
སྤྱི་ལོ2026ལོའི་ཟླ1པོ་ནས་སྤྱི་ལོ2026ལོའི་ཟླ2པའི་བར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ལས་ཚབ་ཁུལ་དཔོན་གྱི་འགན་བཞེས།
སྤྱི་ལོ2026ལོའི་ཟླ2པ་ནས་བཟུང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་བཞེས།
ཀྲུང་གོ་གུང་ཁྲན་ཏང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན།
སྤྱི་ལོ2026ལོའི་ཟླ2པའི་ཚེས8ཉིན་གྱི་ཕྱི་དྲོ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་བརྒྱད་པའི་གྲོས་ཚོགས་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། ཚོགས་ཆེན་སྟེང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་གཟུངས་འབུམ་ལགས་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་ཐོན་བྱུང་།