ཁོས་སྤྱི་ལོ2020ལོའི་ཟླ5བའི་ཚེས4ཉིན། ཚི་ལི་རྫོང་ཅང་ཡ་གྲོང་རྡལ་ཅིའུ་ཞི་ཝེ་སྡེ་བའི་ཉེ་འགྲམ་དུ་ཆུར་ལྷུང་བའི་གཞོན་ནུ་མ་ཞིག་བསྐྱབས་པས། སྤྱི་ལོ2020ལོའི་ཟླ11པར། ཧུའུ་ནན་ཞིང་ཆེན་ཤེས་རིག་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི“ཧུའུ་ནན་མི་བཟང་མིང་ཐོའི”ནང་བདམས་པ་རེད། དོན་རྐྱེན་བྱུང་བའི་ཉིན་དེར་ཐང་ལེ་དང་ཁོའི་གྲོགས་པོ་གཉིས་ལྕགས་ཐག་ཟམ་པ་བརྒྱུད་སྐབས་སྲོག་སྐྱོབ་ཀྱི་འབོད་བརྡ་སྒྲོག་པ་ཐོས་ཤིང་། མི་ཞིག་ཆུར་ལྷུང་བ་མཐོང་། ཁོརང་སྲོག་ལ་མ་འཛེམ་པར་མཐོ་ཚད་ལ་སྨི6ཙམ་ཡོད་པའི་ཟམ་པའི་སྟེང་ནས་དྲག་ཏུ་རྒྱུག་པའི་ཆུ་བོའི་ནང་དུ་མཆོངས་ནས་མི་བསྐྱབས། མཐར་གྲོང་མི་ཁྲེན་ཀང་གི་རོགས་རམ་འོག་ཆུར་ལྷུང་མཁན་བདེ་བླག་ངང་སྐྱོབ་ཐུབ་པ་བྱུང་། ཆུ་ཁར་བུད་རྗེས་ཐང་ལེ་ཡི་ལུས་ཤུགས་ཟད་པས་དབྱང་རྔུབ་སྨན་བཅོས་བྱས་རྗེས་མིང་གསང་སྟེ་ཡུལ་དངོས་དང་བྲལ། ཁོའི་དཔའ་ངར་ལྡན་པའི་བྱ་སྤྱོད་ལ་ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ། བྱས་རྗེས་དེ་ཉིད“ཧུའུ་ནན་མི་བཟང་མིང་ཐོའི”ནང་བདམས་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་གྱུར།
སྤྱི་ལོ2020ལོའི་ཟླ11པར། ཧུའུ་ནན་ཞིང་ཆེན་གྱི“ཧུའུ་ནན་མི་བཟང་མིང་ཐོའི”བདེན་འཛིན་དཔའ་བོར་བདམས་པ་རེད།