སྤྱི་ལོ2020ལོའི་ཟླ9བའི་ཚེས25ཉིན་གྱི་དགོང་མོར། ཞའོ་ཚུའེ་ཕིང་བཟའ་ཟླ་གཉིས་ཀྱིས་ཞིན་ཉིང་རྫོང་ཧོང་ཅིན་ཡའོ་རིགས་ཞང་ཅིན་ཕིང་སྡེ་བའི་ཡན་ཙི་ཟམ་པའི་འགྲམ་དུ་མི6བསྡད་པའི་རླངས་འཁོར་ཞིག་ཆུ་ནང་དུ་ལྷུང་བ་མཐོང་། ཁོ་མོ་བཟའ་ཟླ་གཉིས་ཀྱིས་འཕྲལ་མར་ཉེན་བརྡ་བཏང་བ་དང་མ་ཟད། རོགས་སྐྱོབ་ནང་ཞུགས་ཏེ་རྗེས་མཐུད་དུ་འབྱོར་བའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཉེན་ཁར་ཚུད་པའི་མི་སྣ་ཚང་མ་བསྐྱབས་ནས་སྨན་པར་སྐྱེལ་བ་རེད། རྗེས་སུ་བཟའ་ཟླ་གཉིས་ཀྱིས་རུས་མིང་གསང་ནས་ཡུལ་དངོས་དང་བྲལ། ལས་འཛོལ་ཁྲོད་བསྐྱབས་པའི་ཐང་ཁྲའོ་སོགས་ཀྱིས་སྨན་ཁང་ལས་ཕྱིར་བུད་རྗེས་དར་ཆ་དང་བཀའ་དྲིན་ཞུ་ཡིག་ཁྱེར་ནས་ཞའོ་ཚུའེ་ཕིང་བཟའ་ཚོ་དང་དེ་བཞིན་རོགས་སྐྱོབ་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ལ་བཀའ་དྲིན་ཞུས་པ་རེད།
སྤྱི་ལོ2020ལོའི་ཟླ12པའི་ཚེས11ཉིན། ཞའོ་ཚུའེ་ཕིང་བཟའ་ཟླ་གཉིས་ཀྱི་བྱས་རྗེས་དེ་ཧུའུ་ནན་ཞིང་ཆེན་ཤེས་རིག་གཞུང་ལས་ཁང་གིས་སྤྱི་ལོ2020ལོའི་ཟླ11པའི“ཧུའུ་ནན་མི་བཟང་མིང་ཐོའི”(བདེན་འཛིན་དཔའ་བོའི་རིགས)བདམས་པ་རེད།