ཁོང་ཙུང་ཐེན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2026-02-09 10:16ལ་འགྲུབ།

ཁོང་ཙུང་ཐེན།

ཁོ་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཞིན་ཉིང་རྫོང་ཧོང་ཅིན་ཡའོ་རིགས་ཞང་ཅིན་ཕིང་སྡེ་བའི་རུ་ཁག6པའི་ཡའོ་རིགས་ཀྱི་སྡེ་མི་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
匡宗田
རིགས་དབྱེ།
བདེན་འཛིན་དཔའ་བོ།
1 ​མི་སྣའི་བྱས་རྗེས།

ཁོ་ནི་ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཞིན་ཉིང་རྫོང་ཧོང་ཅིན་ཡའོ་རིགས་ཞང་ཅིན་ཕིང་སྡེ་བའི་རུ་ཁག6པའི་ཡའོ་རིགས་ཀྱི་སྡེ་མི་ཞིག་ཡིན། ཁོའི་ཆུང་མ་ནི་ཞའོ་ཚུའེ་ཕིང་ཡིན་པ་དང་། བཟའ་ཟླ་གཉིས་ཀྱིས་ས་གནས་དེ་གར་འཚོ་བ་རོལ་བཞིན་ཡོད། སྤྱི་ལོ2020ལོའི་ཟླ9བའི་ཚེས25ཉིན་གྱི་ཕྱི་དྲོའི་ཆུ་ཚོད18དང་སྐར་མ་ཕྱེད་ཀའི་དུས་སུ། ཁོང་ཙུང་ཐེན་དང་ཁོའི་ཆུང་མ་གཉིས་འཕྲུལ་རྟན་བཞོན་ནས་ཡན་ཙི་ཟམ་པ་བརྒྱུད་ནས་འགྲོ་སྐབས་རླངས་འཁོར་ཞིག་ཆུ་ནང་དུ་ལྷུང་བ་མཐོང་ནས་འཕྲལ་མར་ཉེན་བརྡ་བཏང་བ་མ་ཟད། ཆུང་མར་སྡེ་མི་བསྡུ་རུབ་བྱེད་དུ་བཅུག་པ་དང་། དེ་ནས་སྡེ་མི་ཞའོ་མིང་ཁང་དང་མཉམ་དུ་ཤིང་དབྱུག་གིས་རླངས་འཁོར་གྱི་སྒོ་ཕྱེ་ནས་རྨས་མ་ཡང་མོ་གསུམ་བསྐྱབས་པ་དང་། རྨས་མ་ཚབས་ཆེན་དག་གཞུང་ལམ་ཁའི་བར་དུ་སྐྱེལ་རོགས་བྱས་ཏེ་དགོང་མོའི་ཆུ་ཚོད8དང་སྐར་མ20སྟེང་རྨས་མ་སྨན་ཁང་དུ་བསྐྱལ་རྗེས་གཞི་ནས་ཁྱིམ་དུ་ལོག 

2 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ12པའི་ཚེས11ཉིན། ཁོ་བཟའ་ཟླ་གཉིས་ཧུའུ་ནན་ཞིང་ཆེན་ཤེས་རིག་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི“ཧུའུ་ནན་གྱི་མི་བཟང་མིང་ཐོའི”(བདེན་འཛིན་དཔའ་བོའི་རིགས)ནང་བདམས་པ་རེད།

སྤྱི་ལོ2020ལོའི་ཟླ11པར། ཁོ་ཧུའུ་ནན་མི་བཟང་མིང་ཐོའི(བདེན་འཛིན་དཔའ་བོའི་རིགས)འདེམས་བསྐོར་ཞུགས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། བདེན་འཛིན་དཔའ་བོ།