ལི་ཀུའོ་ཀྲེན།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2026-02-09 10:16ལ་འགྲུབ།

ལི་ཀུའོ་ཀྲེན།

ཁོ་ནི་ལོའུ་ཏི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黎国针
རིགས་དབྱེ།
བདེན་འཛིན་དཔའ་བོ།
1 ​མི་སྣའི་བྱས་རྗེས།

སྤྱི་ལོ2020ལོའི་ཟླ9བའི་ཚེས30ཉིན་གྱི་ཕྱི་དྲོ། ལི་ཀུའོ་ཀྲེན་གྱིས་ལེང་ཧྲུའེ་ཅང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ཀུང་སིའི་ལམ16པའི་སྤྱི་སྤྱོད་རླངས་འཁོར་ཨང107པ་བཏང་ནས་ཧུ་ཆིང་གྲོང་རྡལ་དབྱང་ཕིང་སྡེ་བར་སྐྱོད་སྐབས། སྡེ་མི་ཏོན་ཧྲུའུ་ཧྥན་ཚང་གི་ཐབ་ཚང་གི་སྒེའུ་ཁུང་ལ་མེ་ཤོར་ནས་རྒྱ་སྒོ་དམ་པོར་བརྒྱབ་ཡོད་པ་མཐོང་། ཁོས་མྱུར་དུ་རླངས་འཁོར་བསྐོར་མཚམས་བཞག་སྟེ་མེ་གསོད་ཆས་བཀོལ་ནས་མེ་བསད་པ་དང་། མེ་གནས་སྐབས་ཀྱིས་ཚོད་འཛིན་བྱས་རྗེས་ཡང་བསྐྱར་འབར་བས། ཁོས་སླར་ཡང་མེ་གསོད་ཆས་གཉིས་པ་བླངས་ནས་མུ་མཐུད་དུ་མེ་བསད། ཐོག་སོ་གཉིས་པའི་ཁྱིམ་ཚང་གཉིད་ལས་སད་དེ་སྒོར་ཕྱེས་རྗེས། ལི་ཀུའོ་ཀྲེན་དུད་ནག་འཕྱུར་བའི་ནང་རྒྱུག་ནས་སྡེ་མི་དང་མཉམ་དུ་མེ་སསད་པ་དང་། ཉེན་ཁའི་གནས་ཚུལ་ཡལ་རྗེས་ལས་གནས་སུ་ལོག་པ་རེད། རྗེས་སུ་ཏོན་ཧྲུའུ་ཧྥན་དང་སྡེ་བའི་ལས་བྱེད་པས་དར་ཆ་ཕུལ་ནས་ཁོར་བཀའ་དྲིན་ཞུས་པ་དང་། གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྤྱི་ཁྱབ་ཀུང་སིས་ཁོའི་བྱ་སྤྱོད་ལ་གཟེངས་བསྟོད་དྲིལ་སྒྲོག་བྱས་པ་རེད།

2 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ11པར། ཧུའུ་ནན་ཞིང་ཆེན་ཤེས་རིག་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི“ཧུའུ་ནན་གྱི་མི་བཟང་མིང་ཐོའི”(བདེན་འཛིན་དཔའ་བོའི་རིགས)ནང་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། བདེན་འཛིན་དཔའ་བོ།