རི་བོ་བྲག་དཀར་ཐེམ་ཆེན།སྔ་མའི་པར་གཞི་དེ ཁུ་པེ།  ནས 2026-01-19 11:08ལ་འགྲུབ།

རི་བོ་བྲག་དཀར་ཐེམ་ཆེན།

ཐེམ་ཆེན་བྲག་ནི་ཚྭ་འདམ་གཤོང་གི་ཤར་མཐའ་དང་བེའུ་ཧ་ཆུ་བོའི་ལྷོ་ཕྱོགས་སུ་ཡོད་པ་དང་། ཐེམ་ཆེན་རྫོང་མཁར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ15མཚམས་སུ་བརྗིད་ཆགས་ངང་གནས་ལ། སའི་གོ་ལའི་འཕྲེད་གཞུང་ཚད་ཐིག37°20'33.29"N ནས98°.48'12.02"Eབར་ཡིན་ཞིང་། མཚོ་འཕགས་སྨི4125.4ཡོད་ཅིང་། གནའ་དུས་མཚོ་སྔོན་ཞིང་ཆེན་དུ་གནས་རི་འགངས་ཆེན13ཡོད་པའི་ནང་གསེས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
天峻山
ས་གནས།
ཚྭ་འདམ་གཤོང་གི་ཤར་མཐའ་དང་བེའུ་ཧ་ཆུ་བོའི་ལྷོ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཐེམ་ཆེན་བྲག་ནི་ཚྭ་འདམ་གཤོང་གི་ཤར་མཐའ་དང་བེའུ་ཧ་ཆུ་བོའི་ལྷོ་ཕྱོགས་སུ་ཡོད་པ་དང་། ཐེམ་ཆེན་རྫོང་མཁར་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ15མཚམས་སུ་བརྗིད་ཆགས་ངང་གནས་ལ། སའི་གོ་ལའི་འཕྲེད་གཞུང་ཚད་ཐིག37°20'33.29"N ནས98°.48'12.02"Eབར་ཡིན་ཞིང་། མཚོ་འཕགས་སྨི4125.4ཡོད་ཅིང་། གནའ་དུས་མཚོ་སྔོན་ཞིང་ཆེན་དུ་གནས་རི་འགངས་ཆེན13ཡོད་པའི་ནང་གསེས་ཤིག་ཀྱང་ཡིན། བྲག་རི་གཟར་ལ་མགོ་ལྕོག་མཐོ། རི་མགོར་ནམ་རྒྱུན་དུ་སྨུག་པའི་ཞྭ་མོ་བཀླུབས་ཡོད་པས་ཁ་དཔེར་ཡང་བྲག་དཀར་ཐེམ་ཆེན་མགོ་ན་དྭངས་རྒྱུ་མེད་པའི་སྨུག་ཅིག་ཅེས་གྲགས། རི་བོའི་ལྷོ་ཕྱོགས་སུ་ཀེར་ལངས་ཀྱི་བྲག་རྡོས་བརྒྱན་ཞིང་རི་ལུང་ཐམས་ཅད་དུ་ལྷ་ཤིང་ཤུག་པ་གཙོ་བྱས་པའི་ནགས་ཚལ་གྱིས་ཁེབས་ཤིང་། ལུང་བའི་བྲག་ཐེམ་གྱི་རྦབ་ཆུ་དང་ལུང་ཆུ་རྣམས་ཤག་ཤག་ཏུ་འབབ་བཞིན་ཡོད། བསིལ་རླུང་དལ་མོར་གཡོ་བའི་ཚེ་ན་སྡོང་བོའི་ཡལ་འདབ་ཐམས་ཅད་ཡམ་ཡོམ་དུ་འགུལ་བའི་ཚུལ་ནི་གཞོན་ནུ་གར་མས་བྲོ་གར་འཁྲབ་པ་དང་མཚུངས་ཤིང་། ནགས་གསེབ་ཀྱི་ལྗང་ཐིང་ངེར་སྐྱེས་པའི་ནེའུ་གསིང་དུ་ཁུར་མོང་དང་གླ་སྒང་སོགས་མེ་ཏོག་སྣ་ཚོགས་མ་བཏབ་རང་སྐྱེས་སྒོས་དྲི་བསུང་ཕྱོགས་ཀུན་ལ་མཆེད། ཁུ་བྱུག་སྔོན་མོ་སོགས་འདབ་ཆགས་མང་པོས་ནགས་གསེབ་ཏུ་ཁྱོད་དང་ང་བདེ་ཡིས་སྐད་སྙན་སྒྲོག་པ་དང་། ཤ་བ་དང་གནའ་བ་སོགས་རི་དྭགས་མང་པོ་ཉིན་གྱི་རྩྭ་དང་སྲིབ་ཀྱི་ཆུ་ལ་རོལ། རི་བོའི་ཤར་ལྷོའི་མཚམས་ན་རི་རྩེར་གཏུགས་པའི་ལམ་ཆུང་ཞིག་ཡོད་པ་འདི་དེད་ནས་རི་རྩེར་འཛེགས་པའི་ཚེ་ན་ཐེམ་པ་ཆེན་པོ་ཞིག་མཐོང་ཐུབ། ངག་རྒྱུན་ལྟར་ན། ཐེམ་ཆེན་རི་བོའི་མིང་ཡང་འདི་ལས་ཐོགས་པ་ཡིན་ཞིང་། ཐེམ་ཆེན་འདིའི་སྟེང་དུ་དབྱར་དུས་སུ་འབྲོག་པ་ཚོའི་ཕྱུགས་འཚོ་ས་ཡིན། དབྱར་ཁའི་ནམ་གཤིས་ཧ་ཅང་དྭངས་པའི་སྐབས་སུ་ཐེམ་ཆེན་མགོ་ནས་ཤར་ཕྱོགས་སུ་རྒྱང་ལྟ་བྱས་ན་མུ་མཐའ་མེད་པའི་མཚོ་སྔོན་པོ་གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟར་མངོན་པ་དང་། ལྷོ་ཕྱོགས་སུ་རྒྱང་ལྟ་བྱས་ན་སྒྲོལ་མའི་ལུང་བ་ནི་སྒྲོལ་མའི་བརྒྱ་ཐང་བཤམས་པ་ལྟར་ཁྲ་ཆེམ་མེར་སྣང་། ནུབ་ཕྱོགས་ཀྱི་སོ་དེའུ་རི་རྒྱུད་ལྷུན་པོ་དེ་གཉེན་སྲུང་དགྲ་འགོག་གི་སོ་བ་ཞིག་འགྱིང་ངེར་བཞུགས་པ་དང་མཚུངས་ཤིང་། བྱང་ཕྱོགས་སུ་རྒྱང་ལྟ་བྱས་ན་ཡན་ལག་བརྒྱད་ལྡན་གྱི་བེའུ་ཧ་ཆུ་བོ་དེ་ཨ་མྱེས་བྲག་སེར་གྱི་མདུན་དུ་གཡུ་འབྲུག་སྔོན་མོས་འགྲོས་ལྟར་ནུབ་ནས་ཤར་གྱི་མཚོ་ཁྲི་ཤོག་རྒྱལ་མོའི་ནང་ལ་འབབ་པ་བཅས་ཀྱི་བརྗིད་ཉམས་ལྡན་ཞིང་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་སྐྱེ་འགྲོའི་མིག་ལམ་དུ་མངོན་ཡོང་། དེར་མ་ཟད་བྲག་དཀར་ཐེམ་ཆེན་གྱི་རི་གསེབ་ཏུ་བཀའ་འགྱུར་བྲག་ཁུང་སྒྲུབ་ཕུག་དང་ཐེམ་ཆེན་མདུན་ལུང་སྒྲུབ་ཕུག སྔོན་ཁམས་ཤུག་སྒང་ཚང་སོགས་མཚམས་ལ་བཞུགས་མྱོང་བའི་སྒྲོལ་ལུང་སྒྲོལ་མའི་སྒྲུབ་ཕུག ཤུ་བེའི་སྒྲུབ་ཕུག ས་ལུང་སྒྲུབ་ཕུག་སོགས་སྒྲུབ་གནས་སོགས་དམ་པ་གོང་མ་རྣམས་ཀྱི་ཞབས་ཀྱིས་བཅགས་མྱོང་བའི་གནས་བྱིན་བརླབས་ཅན་མང་པོ་ཡོད། དེའི་ནང་དུ་བཀའ་འགྱུར་སྒྲུབ་ཕུག་ནི་ཆེས་མིང་གྲགས་ཆེ་བའི་སྒྲུབ་ཕུག་ཅིག་ཡིན།

天峻山位于柴达木盆地东部边缘布哈河南面,在青海省海西蒙古族藏族自治州天峻县城西南方向约15公里处,地理坐标为37°20'33.29"N,98°48'12.02"E,海拔4125.4米,为环青海湖13名山之一,是风景独特的夏季游览胜地。天峻山超群突兀,山势陡峭,翘首上望,轻云薄雾,缭绕山腰,恍如一幅水墨丹青画,有时全山隐于云雾中,忽明忽暗,更添诗情画意。

天峻山只有一条险峻小道通向峰顶,小道十分狭窄,宛如羊肠。道旁则是悬崖峭壁,由小道攀上峰顶,顿觉豁然开朗。一块长5公里、宽2公里的平坦草场出现在眼前,这里牧草青青,野花点点,如锦似绣。

每到夏季,这里牧草丛生,野花繁茂,牧民把牲畜赶上山顶放牧,不但省心省力,也十分安全。山上的气候特点是“有云必下雨,有雨必成雪”。每当浓雾天,几步之外就看不清前面的景物,而秋高气爽时则丽日当空,极目远眺,可以清晰地看到百公里外青海湖湛蓝的湖水。


བརྡ་འགྲེལ་གདོང་འཛར།

ཁུ་བྱུག གནས་རི། རི་བོ། ས་གཤིས།