ལོ་མང་པོའི་རིང་། བྱང་ཁོ་རེ་ཡ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་དབང་བའི་རང་བཙན་ཕྱེད་མའི་ས་ཁུལ་ཞིག་ཡིན། དུས་རབས13པའི་ལོ་རབས50པར། སོག་པོ་བས་བྱང་ཁོ་རེ་ཡར་བཙན་འཛུལ་བྱས་ཏེ། རྒྱལ་བོའི་རྒྱལ་ཁབ་འདི་བཙན་བཟུང་བྱས་པར་མ་ཟད། དུས་རབས་གཅིག་ལྷག་ལ་དབང་སྒྱུར་བྱས། སྤྱི་ལ1354ལོར། བྱང་ཁོ་རེ་ཡ་ས་ཁུལ་གྱི་དམག་དོན་འགོ་གཙོ་ལི་ཁྲེང་ཀུའེ(李成桂)ཡིས་འོས་ལངས་ལ་འགོ་ཁྲིད་བྱས་ཏེ། སོག་པོའི་དབང་སྒྱུར་ལ་ངོ་རྒོལ་བྱས་ནས་རྒྱལ་ཁ་བླངས་ཏེ། བྱང་ཁོ་རེ་ཡ་ཡང་བསྐྱར་ཀྲུང་གོར་བཅུག སྤྱི་ལོ1392ལོར་ཁོང་གིས་བྱང་ཁོ་རེ་ཡར་དབང་སྒྱུར་བྱེད་པའི་ཀའོ་ལི་རྒྱལ་རབས(高丽王朝)མགོ་རྟིང་བསློགས་ནས་ལི་རྒྱལ་རབས(李朝)བཙུགས་ཤིང་། རྒྱལ་ས་ཧན་དབྱང་སྟེ་ད་ལྟའི་ཧྲོའུ་ཨེར(首尔)དུ་གཏན་འཁེལ་བྱས། སྤྱི་ལོ1419ལོར་ཁོང་གི་གཉེན་ཉེ་ཧྲི་ཙུང་བྱང་ཁོ་རེ་ཡའི་རྒྱལ་བོར་གྱུར་ནས་ལོ་ངོ་32རིང་ཁྲིར་བཞུགས། རྒྱལ་བོ་ཧྲི་ཙུང་གིས་རིག་གཞུང་ལ་བརྩི་མཐོང་ཆེན་པོ་བྱས་ཤིང་། ཁྲིར་བཞུགས་སྐབས་གཞུང་ཕྱོགས་ཀྱི་བྱང་ཁོ་རེ་ཡའི་ཡི་གེ་གསར་གཏོད་བྱས་པས། “བྱང་ཁོ་རེ་ཡའི་སྐད”ཅེས་ཟེར། ཁོང་ད་དུང་འབྲུ་སྒྲིག་པར་འདེབས་ལག་རྩལ་ལ་སྤྲོ་བ་ཆེན་པོ་སྐྱེས། ཁོང་གིས་རིག་གཞུང་ཐད་བྱས་རྗེས་བཞག་པ་ལས་གཞན། རྒྱལ་བོ་ཧྲི་ཙུང་གིས་བྱང་ཁོ་རེ་ཡ་མཚོ་རྒྱུད་ཀྱི་ཉི་ཧོང་གི་མཚོ་ཇག་རྒྱལ་ཁའི་ངང་ཕྱིར་བཟློག་བྱས།