སྤྱི་ལོ1411ལོར་ཨའེ་ཧཱ་མའེ་ཏུ•ཧྲ་ཨས་ཨའེ་ཧཱ་མའེ་ཏཱ་པཱ་ཏུ་བཙུགས།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-12-25 08:56ལ་འགྲུབ།

སྤྱི་ལོ1411ལོར་ཨའེ་ཧཱ་མའེ་ཏུ•ཧྲ་ཨས་ཨའེ་ཧཱ་མའེ་ཏཱ་པཱ་ཏུ་བཙུགས།

འདིརDKབྱིས་པའི་ལོ་རྒྱུས་རིག་མཛོད་ཆེན་མོ་ལས་བྱུང་བའི་སྤྱི་ལོ1411ལོར་ཨའེ་ཧཱ་མའེ་ཏུ•ཧྲ་ཨས་ཨའེ་ཧཱ་མའེ་ཏཱ་པཱ་ཏུ་བཙུགས་ཞེས་པའི་ནང་དོན་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1411年艾哈迈德•沙阿建立艾哈迈达巴德
རིགས་དབྱེ།
ལོ་རྒྱུས།
1 ངོ་སྤྲོད་བསྡུས་པ།

སྤྱི་ལོ1320ལོ་ནས་བཟུང་ཐུའུ་ཀུ་ལུའུ་ཁུས(图格鲁克)དབང་སྒྱུར་བྱས་པའི་ཧིན་རྡུའི་ཏུ་ལི་སུའུ་ཏན་རྒྱལ་ཁབ་དེ་དུས་རབས14པའི་ལོ་རབས90པར་རང་བཙན་གྱི་སུའུ་ཏན་རྒྱལ་བོའི་རྒྱལ་ཁབ་ཆུང་ཆུང་ཞིག་ཏུ་གྱུར། སྤྱི་ལོ1401ལོར་ཧིན་རྡུ་ནུབ་མའི་ཀུའུ་ཅི་ལཱ་ཐུའི་འགོ་གཙོ་ཀྲ་ཧྥ་ཨེར་ཧན(扎法尔汗)གྱིས་རང་བཙན་བྱས་པ་ཁྱབ་སྒྲོག་བྱས། སྤྱི་ལོ1411ལོར་ཀྲ་ཧྥ་ཨེར་ཧན་གྱི་ཚ་བོ་ཨའེ་ཧཱ་མའེ་ཏུ·ཧྲ་ཨས(艾哈迈德·沙阿)མུ་འགན་བཞེས། ཨའེ་ཧཱ་མའེ་ཏུ་ནི་གཟབ་ནན་ཆེ་ཞིང་དྲང་གཞག་ཅན་ཞིག་ཡིན། ཁོང་གི་དབང་སྒྱུར་འོག་ཉོ་ཚོང་འགྲོ་འོང་ལ་དར་རྒྱས་བྱུང་ཡོད། ཁོང་གིས་ཨའེ་ཧཱ་མའེ་ཏཱ་པཱ་ཏུར་རྒྱལ་ས་གསར་བ་བཙུགས་ནས་ཧིན་རྡུའི་དར་རྒྱས་ཆེ་ཤོས་ཀྱི་གྲོང་ཁྱེར་གྲས་ཤིག་ཏུ་གྱུར། ཁོང་ཁྲིར་བཞུགས་པའི་དུས་ཚོད་མང་ཆེ་བར་མངའ་ཁོངས་རྒྱ་བསྐྱེད། ཁོས་སྣེ་ཁྲིད་པའི་དམག་དཔུང་རྒྱུན་དུ་འཐབ་ན་མི་རྒྱལ་བ་མེད། དམག་མིའི་གླ་ཆ་ཕྱེད་ཀ་དངུལ་སྨར་སྤྲོད་ཅིང་ཕྱེད་ཀ་ས་ཞིང་བགོ་བའི་ཐབས་ཀྱིས་གཏོང་སྤྲོད་བྱས་པས། དེས་ཁོ་ཚོར་རང་ཉིད་ཀྱི་རྒྱལ་ཁབ་ཏུ་མ་རྐང་ཡོད་པར་རྒྱུར། སྤྱི་ལོ1442ལོར་ཨའེ་ཧཱ་མའེ་ཏུ·ཧྲ་ཨ་ཚེ་ལས་འདས།


བརྡ་འགྲེལ་གདོང་འཛར།

ཐུའུ་ཀུ་ལུའུ་ཁུ། ཀྲ་ཧྥ་ཨེར་ཧན།