མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་གསར་བརྗེའི་རྗེས་ཤུལ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-12-25 09:09ལ་འགྲུབ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་གསར་བརྗེའི་རྗེས་ཤུལ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་གསར་བརྗེའི་རྗེས་ཤུལ།
དམར་དམག་ལུང་བ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཡར་ཐང་ཡུལ་ཚོའི་ཤར་རྒྱུད་དེ། ཡ་འཛིར་གནས། དམར་དམག་རྒྱང་སྐྱོད་བྱེད་སྐབས་པད་མ་བརྒྱུད་དེ་ལུང་ཤུར་དེར་ཐེངས་མང་པོར་ཡོང་གི་ཡོད་པས་མང་ཚོགས་ཀྱིས་དྲན་གསོ་ཞུ་ཆེད་ཡ་འཛིར“དམར་དམག་ལུང་བ”ཞེས་པར་མིང་བསྒྱུར། པད་མ་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
果洛藏族自治州班玛县红军沟革命遗址
གནས་ཡུལ།
པད་མ་རྫོང་ཡང་ཐང་ཡུལ་ཚོ།
1 ངོ་སྤྲོད་བསྡུས་པ།

དམར་དམག་ལུང་བ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཡར་ཐང་ཡུལ་ཚོའི་ཤར་རྒྱུད་དེ། ཡ་འཛིར་གནས།  དམར་དམག་རྒྱང་སྐྱོད་བྱེད་སྐབས་པད་མ་བརྒྱུད་དེ་ལུང་ཤུར་དེར་ཐེངས་མང་པོར་ཡོང་གི་ཡོད་པས་མང་ཚོགས་ཀྱིས་དྲན་གསོ་ཞུ་ཆེད་ཡ་འཛིར“དམར་དམག་ལུང་བ”ཞེས་པར་མིང་བསྒྱུར། པད་མ་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་མྱོང་བའི་ས་ཆ་གཅིག་པུ་དེ་ཡིན།

སྤྱི་ལོ1934ལོའི་ཟླ10པར། ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ས་ཁུལ་གྱི“བསྐོར་བཅོམ”ཐེངས་ལྔ་པར་ངོ་རྒོལ་བྱེད་པ་ཕམ་རྗེས། ཀྲུང་གོའི་བཟོ་ཞིང་དམར་དམག་གི་གཙོ་ཤུགས་འབྲི་ཆུའི་ལྷོ་བྱང་གི་སུའུ་ཁུལ་སོ་སོ་ནས་ཧྲའན་ཀན་གསར་བརྗེའི་གནས་གཞིའི་ས་ཁུལ་དུ་འཐབ་ཇུས་ཐོག་ནས་གནས་སྤོ་མི་བྱེད་ཐབས་མེད་བྱུང་། སྤྱི་ལོ1936ལོའི་ཟླ4པར་དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་བཞི་པ་དཀར་མཛེས་ས་ཁུལ་དུ་འབྱོར། དམར་དམག་ཅུན་ཐོན2པ་དང་6པ་སྤྱི་ལོ1936ལོའི་ཟླ7པའི་ཚེས2ཉིན་དམར་དམག་དཔུང་ཕྱོགས་སྒར་ཆེན་བཞི་པ་དང་མཉམ་དུ་དཀར་མཛེས་སུ་འཛོམས། ཟླ7པའི་ཚེས5ཉིན། ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམར་དམག་ཅུན་ཐོན2པ་དང་6པར་མཉམ་དུ་དམར་དམག་གི་ངོས་ཕྱོགས་དཔུང་ཚོགས་གཉིས་པར(དམར་དམག་ཅུན32པའི་སྒྲིག་ཁོངས་སུ་བསྒྲིགས)བསྒྲིགས་ཤིང་། མིང་དམར་དམག་ཅུན2པ་དང་6པར་བསྒྱུར། དམར་དམག་དཔུང་ཕྱོགས་སྒར་ཆེན་གཉིས་པ་དང་བཞི་པ་མཉམ་དུ་བྱང་ཕྱོགས་སུ་བསྐྱོད་དེ་རྔ་པ་དང་བཞུགས་གྲལ་བསྒྲིགས་ནས་མདུན་སྐྱོད་བྱས་ཏེ་ཏང་ཀྲུང་དབྱང་དང་དམར་དམག་དཔུང་ཕྱོགས་སྒར་ཆེན་དང་པོ་དང་ལྷན་འཛོམས་བྱ་རྒྱུའི་ཐག་བཅད།

སྐབས་དེའི་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གོ་མིན་ཏང་ལོག་སྤྱོད་སྲིད་དབང་དང་ལྷག་པར་དུ་མཱ་པུའུ་ཧྥང་ཁྱིམ་རྒྱུད་ཀྱི་གདུག་རྩུབ་ཆེ་བའི་དབང་སྒྱུར་འོག་ཡུན་རིང་དངངས་སྐྲག་དང་བློ་མི་བདེ་བའི་འཚོ་བ་སྐྱེལ་བཞིན་ཡོད། དམར་དམག་རྒྱང་སྐྱོད་པད་མར་མ་སླེབས་སྔོན་གོང་པད་མ་ས་ཁུལ་དུ་ཏང་གི་འགོ་ཁྲིད་བྱེད་པའི་མི་དམངས་དམག་དཔུང་སླེབས་མྱོང་མེད། དམར་དམག་པད་མ་ས་ཁུལ་དུ་སླེབས་རྗེས་མཱ་ཅཱའི་དམག་དཔུང་གིས་ལོག་སྤྱོད་དྲིལ་བསྒྲགས་དང་དམར་དམག་ལ་རྒྱུས་མངའ་མེད་པའི་རྐྱེན་གྱིས་ས་གནས་དེ་གའི་བོད་རིགས་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་ནས་བྲོས་བྱོལ་དུ་སོང་བའམ་ཡང་ན་གཡོལ་ཐབས་བྱས་མོད། འོན་ཀྱང་དམར་དམག་གིས་སྔར་བཞིན་སྒྲིག་ཁྲིམས་ཆེན་པོ་གསུམ་དང་དོ་སྣང་བྱ་དགོས་པ་བརྒྱད་ལག་བསྟར་ནན་པོ་བྱས་ཏེ་བོད་རིགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་སྤུ་ཙམ་ཡང་མ་བཏང་བ་དང་། ཏང་གི་མི་རིགས་འདྲ་མཉམ་དང་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་རྣམ་པ་མང་པོའི་ཐོག་ནས་བོད་རིགས་མང་ཚོགས་ལ་ཏང་གི་ཆབ་སྲིད་འདོད་ཚུལ་དྲིལ་སྒྲོག་དང་། བྱང་སྐྱོད་འཇར་འགོག་གི་འཐབ་ཇུས་བྱེད་ཕྱོགས་དང་ཁྱིམ་གཞིས་ལ་གནོད་འཚེ་སྤུ་ཙམ་ཡང་མེད་པ་མ་ཟད། ས་གནས་དེ་གའི་མི་རིགས་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་ཀྱང་བྱས་པས། བོད་རིགས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་དང་རྒྱབ་སྐྱོར་རིམ་བཞིན་ཐོབ། དམར་དམག་ལ་འབྲུ་རིགས་དང་འབར་རྫས་གྲབས་གསོག་ཧུར་ཐག་བྱས་ཏེ། དམར་དམག་ལ་སྡོད་གནས་མཁོ་འདོན་དང་། དམར་དམག་གི་རྨས་མར་རོགས་སྐྱོབ། དམར་དམག་གི་སྔོན་གཤེགས་དཔའ་བོ་དུར་འཇུག དམར་དམག་ལ་སྣེ་ཤན་བྱེད་པ། དམར་དམག་པད་མ་ནས་ཐོན་ཏེ་རྔ་བར་བདེ་བླག་ངང་འབྱོར་བ་བཅས་བྱེད་ཀྱིན་ཡོད།

དམར་དམག་པད་མ་ནས་ཐོན་རྗེས་ས་གནས་དེ་གའི་བོད་རིགས་མང་ཚོགས་ཚོས་དམར་དམག་མ་བརྗེད་པར་དམར་དམག་བསྐྱོད་མྱོང་བའི་ཡ་འཛིར“དམར་དམག་ལུང་བ”ཞེས་པར་བསྒྱུར།  “དམར་དམག་ལུང་བར”དམར་དམག་གི་བསིལ་ཁང་དང་། དམར་དམག་གི་ཟམ་པ། དམར་དམག་གི་ཆུ་མིག དམར་དམག་གི་སོ་ལྟ་ཁང་། དམར་དམག་གིས་བྲིས་པའི་སྦྱར་ཡིག དམར་དམག་གི་བང་སོ་སོགས་གསར་བརྗེའི་རྗེས་ཤུལ་ཡོད། དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་དུས་དུས་ཡུན་ཉིན་ཉི་ཤུ་ལྷག་ཙམ་ལས་མེད་ཀྱང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་པད་མ་བོད་རིགས་མང་ཚོགས་ཀྱི་སེམས་ནང་ནམ་ཡང་གནས་ཡོད། སྤྱི་ལོ2012ལོར“དམར་དམག་ལུང་བར”ལ་མཚོ་སྔོན་ཞིང་ཨུ་དྲིལ་བསྒྲགས་པུས་མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་མིང་བཏགས་པ་དང་། སྤྱི་ལོ2016ལོའི་ཟླ4པར“དམར་དམག་ལུང་བ”ལ་མཚོ་སྔོན་ཞིང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཚོ་སྔོན་ཞིང་ཆེན་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞིའི་མིང་བཏགས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཡོད། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱང་བོད་རིགས་ཀྱི་པད་མ་ནས་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་གྱི་ས་གཞི་ཆེན་པོར་ཁྱབ་པ་དང་། མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁྲག་རྒྱུན་དང་བླ་སྲོག་ནང་གཏིང་ཟབ་ཞུགས་ནས་མཚོ་སྔོན་འདི་ཉིད་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་བསྐྱོད་པ་དང་དུས་རབས་གསར་བར་འབད་འབུངས་བྱེད་པར་སྙིང་སྟོབས་འཕེལ་བ་བྱས་ཡོད།



དཔྱད་གཞིའི་ཡིག་ཆ།