སྤྱི་ལོ2023ལོའི་ཟླ6པའི་ཚེ་26ཉིན། ཝང་ཡུའུ་ཆའོ་གློ་བར་དུ་ཁྲོམ་གཞུང་དུ་གྲི་བཟུང་བའི་མི་ངན་ཞིག་དང་འཕྲད། སྐབས་དེར་མི་ངན་གྱིས་མི་གཅིག་ས་ལ་བསྒྱེལ་བར་མི་ཞིག་གིས་ཉེན་བརྡ་བཏང་བ་ཐོས་རྗེས། མི་ངན་གྱིས་གྲིས་གཙགས་པ་གཡོལ་ཐབས་བྱས་རྗེས། ཡང་བསྐྱར་གདུག་རྩུབ་ཆེན་པོས་གནོད་འཚེ་ཕོག་མཁན་གྱི་གནད་ཆེའི་གནས་སུ་གཙགས། ཉེན་ཁ་ཆེ་བའི་སྐབས་སུ་ཝང་ཡུའུ་ཆའོ་ཡིས་དཔའ་ངར་ཆེར་བསྐྱེད་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བརྒྱུགས་ཏེ་རྐུབ་སྟེགས་བཟུང་སྟེ་མི་ངན་དེར་ཤུགས་ཀྱིས་བརྒྱབ་པར་རྨས་སྐྱོན་བཏང་བའི་མི་ངན་དེ་བྲོས་བྱོལ་བྱས། ཁོང་གིས་རང་ཉིད་ཀྱི་རྨས་སྐྱོན་ཆུང་བས་མི་སྐྱོབ་རྒྱུ་གལ་ཆེ་ཤོས་ཡིན་ཞེས་དང་། “ང་ལ་འགྱོད་པ་མེད་པར་མ་ཟད་མི་སྐྲག་པ་དང་། མི་སྐྱོབ་རྒྱུ་ཨང་དང་པོ་ཡིན”ཞེས་བཤད། ཕྱིས་སུ་ད་གཟོད་ཁོའི་ལག་པ་གཡས་པར་རྨ་ཁ་ཆེན་པོ་ཞིག་ཡོད་པ་དང་། དཔུང་བ་ཡང་ཆེན་པོ་སྐྲངས་ཡོད་པ་ཤེས་མོད། འོན་ཀྱང་ཁོས་སྔར་བཞིན་རྨས་སྐྱོན་འདི་ཅི་ཡང་མ་རེད། མི་སྐྱོབ་ཐུབ་པ་ནི་བསོད་ནམས་ཆེན་པོ་ཞིག་རེད་ཅེས་བཤད།
སྤྱི་ལོ2024ལོའི་ཟླ1པོར་སྤྱི་ལོ2023ལོའི་དུས་ཚིགས་བཞི་པའི་བདེན་འཛིན་དཔའ་བོའི་མིང་ཐོའི་ནང་ཚུད།