ཀྲང་ནའེ་ཏུང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-12-25 09:09ལ་འགྲུབ།

ཀྲང་ནའེ་ཏུང་།

ཀྲང་ནའེ་ཏུང་།
ཀྲང་ནའེ་ཏུང་(སྤྱི་ལོ1901ལོ་ནས་སྤྱི་ལོ1940གོའི་བར)གི་པུར་མིང་ལ་ཀྲང་ཐིང་རུའེ་དང་ཀྲང་ཀྲི་ཏཱ་ཟེར། ཧོ་པེ་ཞིང་ཆེན་ཀྲུའོ་རྫོང་(དེང་གི་ཀྲུའོ་ཀྲོའུ་གྲོང་ཁྱེར)ཡུང་ལེ་སྡེ་བའི་མི་ཡིན། སྤྱི་ལོ1920ལོའི་དབྱར་ཁར། པའོ་ཏིང་ཡུའུ་ཏུ་སློབ་འབྲིང་དུ་རྒྱུགས་འཕྲོད། སྤྱི་ལོ1921ལོའི་ཟླ10པར་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པར་ཞུགས་ཤིང་། རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཡུའུ་ཏུ་སློབ་འབྲིང་གི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས། སྤྱི་ལོ2015ལོའི་ཟླ8པར་རབས་གཉིས་པའི་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张乃东
པུར་མིང་།
ཀྲང་ཐིང་རུའེ། ཀྲང་ཀྲི་ཏཱ།
སྐྱེ་ཡུལ།
ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་ཀྲུའོ་ཀྲིག་གྲོང་ཁྱེར།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1901-1940.9.26)
1 མི་སྣའི་ལོ་རྒྱུས།

ཀྲང་ནའེ་ཏུང་(སྤྱི་ལོ1901ལོ་ནས་སྤྱི་ལོ1940གོའི་བར)གི་པུར་མིང་ལ་ཀྲང་ཐིང་རུའེ་དང་ཀྲང་ཀྲི་ཏཱ་ཟེར།  ཧོ་པེ་ཞིང་ཆེན་ཀྲུའོ་རྫོང་(དེང་གི་ཀྲུའོ་ཀྲོའུ་གྲོང་ཁྱེར)ཡུང་ལེ་སྡེ་བའི་མི་ཡིན།  སྤྱི་ལོ1920ལོའི་དབྱར་ཁར།  པའོ་ཏིང་ཡུའུ་ཏུ་སློབ་འབྲིང་དུ་རྒྱུགས་འཕྲོད།  སྤྱི་ལོ1921ལོའི་ཟླ10པར་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པར་ཞུགས་ཤིང་། རྗེས་སུ་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། དེ་སྔ་ཡུའུ་ཏུ་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས་མྱོང་། སྤྱི་ལོ1925ལོའི་དཔྱིད་ཀར་སྐབས་དང་པོའི་ཀྲུང་གུང་པའོ་ཏིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཧྲུའུ་ཅིའི་ལས་ཚབ་ཀྱི་འགན་བཞེས། ལོ་དེའི་ཟླ6པར་པའོ་ཏིང་ལྕགས་ལམ་སྤྱི་ཁྱབ་བཟོ་ཚོགས་སུ་བཟོ་བའི་ལས་འགུལ་གྱི་བྱ་བ་བསྒྲུབས། སྤྱི་ལོ1926ལོར་ངོ་ལོག་པས་གསང་བ་བསྒྲགས་པས་ཐེན་ཅིན་དུ་འཛིན་བཟུང་བྱས་ཤིང་ཕྱི་ལོར་བཙོན་ཁང་ནས་བསྐྱབས། སྤྱི་ལོ1928ལོའི་དཔྱིད་ཀར། རྩ་འཛུགས་ཀྱིས་མངགས་ཏེ་ཀྲུའོ་རྫོང་དུ་ཏང་གི་གསང་བའི་ལས་ཀ་བྱེད་པར་བཏང་བས། ཀྲུའོ་རྫོང་གི་ཏང་ཡོན་རབས་དང་པོ་འཕེལ་རྒྱས་བཏང་བར་མ་ཟད། ཀྲུའོ་རྫོང་གི་ཏང་རྩ་འཛུགས་དང་པོ་ཀྲུའོ་རྫོང་གི་དམིགས་བསལ་ཀྲི་པུའུ་བཙུགས། སྤྱི་ལོ1930ལོའི་ཟླ10པར་ཧྲི་ཅཱ་ཀྲོང་ལྟེ་བའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས་ཤིང་།  མི་རིང་བར་འཛིན་བཟུང་བྱས། ལོ5ཡི་རྗེས་སུ་བཙོན་ཁང་ནས་ཕྱིར་བུད་དེ་ཀྲུའོ་རྫོང་ཡུང་ལེ་སྡེ་བར་ལོག་ནས་ནད་གསོ་ཞོར་དུ་དམངས་སྒྲུབ་སློབ་གྲྭ་བཙུགས། འཇར་འགོག་དམག་འཁྲུག་ཕྱོགས་ཡོངས་ནས་ལངས་རྗེས། ཀྲའོ་རྫོང་གི་འཇར་འགོག་རྒྱལ་སྐྱོབ་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་འགོ་ཁྲིད་བྱས། སྤྱི་ལོ1939ལོར་ཅི་ཀྲུང་དམིགས་བསལ་ས་ཁུལ་གྱི་ཐོན་སུམ་ཅུ་སོ་གཉིས་པའི་དམངས་ཚོགས་ལས་འགུལ་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས། སྤྱི་ལོ1940ལོའི་ཟླ7པར་ཀྲུའོ(རྫོང)ཀུའུ(ཨན)ཞིན(གྲོང་ཁྱེར)མཉམ་འབྲེལ་རྫོང་གི་རྫོང་དཔོན་གྱི་འགན་བཞེས། ཟླ9པའི་ཚེས26ཉིན། དགྲ་བོས་ཀྲུའོ་རྫོང་གི་ཏུང་ཏའེ་ཐུན་དུ་བསྐོར་རྒོལ་ཐེབས་པར། སྐོར་རྒོལ་ལས་ཐར་བར་སྒྲིག་འཛུགས་བྱེད་སྐབས་རང་སྲོག་བློས་བཏང་བ་དང་། སྐབས་དེར་དགུང་ལོ39ཡིན། སྤྱི་ལོ2015ལོའི་ཟླ་བརྒྱད་པར་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་རབས་གཉིས་པའི་ནང་བཅུག

དཔྱད་གཞིའི་ཡིག་ཆ།