སྡེ་དམངས་རང་སྐྱོང་ཞེས་པ་མདོར་བསྡུས་ནས་བཤད་ན། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱིས་དམངས་གཙོའི་ཁེ་དབང་ཐད་ཀར་སྤྱོད་པ་དང་། ཁྲིམས་ལྟར་རང་ཉིད་ཀྱི་བྱ་བ་སྒྲུབ་པ། རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་སྐྲུན་པ། རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གཞི་རྩའི་སྤྱི་ཚོགས་ཀྱི་ཆབ་སྲིད་ལམ་ལུགས་ཤིག་ཡིན། སྡེ་དམངས་རང་སྐྱོང་གི་ནང་དོན་གཙོ་བོ་ནི“དམངས་གཙོ་བཞི”སྟེ། དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཡིན། དེར་བརྟེན། སྡེ་དམངས་རང་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྡེ་བ་རིམ་པའི་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ཡིན།
གཅིག སྡེ་བ་རིམ་པའི་དམངས་གཙོའི་འདེམས་བསྐོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་བྱེད་པ་འདེམས་བསྐོ་བྱེད་དབང་གྲོང་མིར་སྤྲོད་དགོས།
གཉིས། སྡེ་བ་རིམ་པའི་དམངས་གཙོའི་ཇུས་ཐག་གཅོད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྡེ་དོན་གལ་ཆེན་ཐག་གཅོད་བྱེད་དབང་སྡེ་མིར་སྤྲོད་དགོས།
གསུམ། སྡེ་བ་རིམ་པའི་དམངས་གཙོའི་དོ་དམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཉིན་རྒྱུན་གྱི་སྡེ་དོན་ཐེ་ཞུགས་བྱེད་དབང་སྡེ་མི་ལ་སྤྲོད་དགོས།
བཞི། སྡེ་བ་རིམ་པའི་དམངས་གཙོའི་ལྟ་སྐུལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྡེ་བའི་ལས་བྱེད་པའི་དཔྱད་གླེང་དབང་ཆ་དང་སྡེ་བའི་གནས་ཚུལ་ཤེས་དབང་སྡེ་མི་ལ་སྤྲོད་དགོས།
སྡེ་དམངས་ཨུ་ཡོན་ལྷན་ཁང་ནས་ཐད་ཀར་འདེམས་བསྐོ་བྱེད་སྐབས། སྤྱིར་བཏང་དུ་མི3~7ཡོད་ལ། ལས་འགན་གཙོ་བོ་ནི་སྡེ་སྲོལ་དམངས་ཆིངས་གཏན་འབེབས་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས། ཏང་དང་སྲིད་གཞུང་ལ་རོགས་འདེགས་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྡེ་བས་དཔལ་འབྱོར་གཉེར་བ་དང་། ས་གནས་དེ་གའི་བདེ་འཇགས་སྲུང་སྐྱོང་བྱེད་པ། སྤྱི་བའི་ཕན་བདེ་གོང་དུ་སྤེལ་བ། མི་དམངས་ཀྱིས་འདུམ་འགྲིག་བྱེད་པ། སྡེ་བའི་རིག་གནས་བྱ་གཞག་སོགས་ལ་རྩ་འཛུགས་བྱེད་དགོས།