ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ཞིང་སྡེ་སྡེ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་ལག་བསྟར་བྱས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། གྲོང་ཁྱེར་དང་ཞིང་སྡེ་འཕེལ་རྒྱས་གཅིག་གྱུར་འཆར་འགོད། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་དང་སྡེ་དམངས་རང་སྐྱོང་ཟབ་སྤེལ་བྱེད་པའི་དོན་ཆེན་གོ་གནས་གལ་ཆེན་དུ་བཞག་ཡོད། སྤྱི་ལོ2008ལོར་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང“ཞིང་སྡེ་ཡི་སྤྱི་བའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཤུགས་རྒྱག་སར་བྱས་ནས་གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པ་ནན་བཤད་བྱས།
ས་གནས་ཁག་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བློ་སྤོབས་ཆེན་པོས་འཚོལ་ཞིབ་བྱས་ནས་ས་གནས་དེ་གའི་ཁྱད་ཆོས་དང་འཚམ་པའི་ཞིང་སྡེ་སྡེ་ཁུལ་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།
ཚོད་ལྟའི་ཁྲོད་མ་དངུལ་ཡོང་ཁུངས་ཧུར་ཐག་གིས་འཚོལ་ཞིབ་དང་བརྩོན་ལེན་བྱས་ནས་ནོར་སྲིད་ཀྱི་ཐོག་མའི་མ་འཇོག་གཙོ་བོར་བྱེད་པ་དང་། སྡེ་ཁུལ་དུ་སྡོད་པའི་ལས་ཁུངས་ཀྱིས་རང་མོས་ངང་རོགས་སྐྱོར་གཞོགས་འདེགས་བྱེད་པ། སྤྱི་ཚོགས་ཀྱི་ཞལ་འདེབས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་སྣ་མང་རང་བཞིན་གྱི་མ་འཇོག་ལམ་སྲོལ་བཙུགས།
སྲིད་གཞུང་གི་སྤྱི་བའི་ཞབས་ཞུ་དང་ཚོང་ར་ཅན་གྱི་ཞབས་ཞུ། སྡེ་དམངས་རང་ངོས་ཞབས་ཞུ་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་བ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་བསྟུན་ནས་ཞིང་སྡེ་སྡེ་ཁུལ་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ས་གནས་ཁག་གིས་སྤྱི་བའི་ཞབས་ཞུ་ཞིང་སྡེ་རུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞབས་ཞུ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྨན་བཅོས་འཕྲོད་བསྟེན། འཆར་ལྡན་བུ་སྐྱེས། སྤྱི་ཚོགས་བདེ་འཇགས། ཚན་རྩལ་སློབ་གསོ། རིག་གནས་ལུས་རྩལ། ངལ་རྩོལ་འགན་ལེན། བཅའ་ཁྲིམས་ཞབས་ཞུ་སོགས་སྤྱི་བའི་ཞབས་ཞུ་ཞིང་སྡེ་སྡེ་ཁུལ་དུ་སྤེལ་བའི་ལམ་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱས་ནས། སྲིད་གཞུང་གི་སྤྱི་བའི་ཞབས་ཞུ་ཞིང་སྡེ་རུ་སྤེལ་བར་སྐུལ་འདེད་གཏོང་དགོས།
སྤྱི་བའི་ཞབས་ཞུར་ཆ་འཕྲིན་ཅན་གྱི་སྟེགས་བུ་བསྐྲུན་པ་དང་། ཞིང་སྡེ་སྡེ་ཁུལ་གྱི་ཚོད་ལྟའི་ལས་དོན་སྤེལ་ཏེ། ཞིང་སྡེ་སྡེ་ཁུལ་གྱི་གཞུང་སྒྲུབ་དང་ཞབས་ཞུའི་ས་ཚིགས། མི་སྣ། འགྲོ་གྲོན་གནད་དོན་བཅས་འཚོལ་ཞིབ་དང་ཐག་གཅོད་བྱས་ནས། ཞིང་སྡེ་སྡེ་ཁུལ་དུ་ལས་དོན་སྒྲུབ་མཁན་ཡོད་པ་དང་། ལས་དོན་སྒྲུབ་སའི་ས་གནས་ཡོད་པ། སྒོར་མོ་ཡོད་ན་བྱ་བ་སྒྲུབ་མཁན་ཡོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ཏེ། སྲིད་གཞུང་གི་སྡེ་ཁག་སོ་སོ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་ཞབས་ཞུའི་སྟེགས་བུ་བསྐྲུན་པ་དང་། སྲིད་གཞུང་གི་སྤྱི་བའི་ཞབས་ཞུ་ཞིང་སྡེ་སྡེ་ཁུལ་དུ་སྤེལ་བར་ཆ་རྐྱེན་བསྐྲུན་ཡོད།
སྤྱི་བའི་ཞབས་ཞུ་ཞིང་སྡེ་སྡེ་ཁུལ་དུ་ཁྱབ་པར་སྐུལ་འདེད་བཏང་ཡོད། ཞིང་སྡེ་ཡི་སྡེ་ཁུལ་འཛུགས་སྐྲུན་བྱེད་པར་ཞབས་ཞུའི་ནུས་པ་མངོན་གསལ་གྱིས་ཐོན་ཡོད་པ་དང་། ཞིང་བ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་བསྟུན་ནས་ཞིང་སྡེ་སྡེ་ཁུལ་གྱི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཞབས་ཞུའི་རྣམ་གྲངས་ཀྱི་རྒྱ་ཆེ་རུ་གཏོང་བ་དང་། ཞབས་ཞུའི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་སྐར་ཁུང་འཛུགས་པ། “ས་ཚིགས་གཅིག”རྣམ་པ་བཅས་ཀྱི་ཞབས་ཞུ་ལག་བསྟར་བྱསཏེ། ཞིང་བར་སྨན་བཅོས་འཕྲོད་བསྟེན་དང་། སྤྱི་ཚོགས་རོགས་སྐྱོབ། ཆ་འཕྲིན་ལག་རྩལ་སོགས་སྤྱི་བའི་ཞབས་ཞུ་མཁོ་འདོན་བྱས་ནས། རྒས་དུས་འཚོ་རྟེན་ཡོད་པ་དང་། དབང་སྐྱོན་ཅན་ལ་རོགས་རམ་ཡོད་པ། ཁེར་རྐྱང་པར་གཟིགས་སྐྱོང་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། དབུལ་པོར་རོགས་རམ་ཐུབ་པ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།
ཞིང་བ་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་བྱས་ཡོད། ཞིང་སྡེ་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་ཏང་རྩ་འཛུགས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་བརྟེན་ནས་སྡེ་དམངས་རང་སྐྱོང་ལམ་སྲོལ་སྔར་བས་གཏིང་ཟབ་དང་འཐུས་ཚང་དུ་བཏང་བ་དང་། ཞིང་བ་མང་ཚོགས་གོ་རིམ་ལྡན་པའི་ངང་གཞི་རིམ་གྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ནང་ཞུགས་རྒྱུ་འགན་ལེན་བྱས་ནས། དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྡེ་བ་རིམ་པའི་རྩ་འཛུགས་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་།
གྲོང་ཁྱེར་དང་ཞིང་སྡེ་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད། ཞིང་སྡེའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དེས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་ཞིང་སྡེ་རུ་མཆེད་པར་སྐུལ་འདེད་བཏང་སྟེ། སྤྱི་བའི་ནོར་སྲིད་ཞིང་སྡེ་རུ་ཕྱོགས་པ་དང་། སྤྱི་བའི་ཞབས་ཞུ་ཞིང་སྡེ་རུ་སྤེལ་པ། ཚན་རིག་ལག་རྩལ་ཞིང་སྡེ་རུ་ཁྱབ་པ། དེང་རབས་དཔལ་ཡོན་ཞིང་སྡེ་རུ་འདྲེན་པ་བཅས་བྱས་ནས་ཞིང་བ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་དཔལ་ཡོན་ཆུ་ཚད་མཐོ་རུ་ཕྱིན་ཡོད། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་པས། ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱུང་ཡོད།