ཞིང་སྡེ་ཡི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱིས་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་ལ་བསམ་པའི་སྒུལ་ཤུགས་དང་རིག་སྟོབས་ཀྱི་རྒྱབ་སྐྱོར། བསམ་བློའི་འགན་ལེན་བཅས་མཁོ་འདོན་བྱས་ཡོད། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་འཛུགས་སྐྲུན་ནི་ཞིང་སྡེ་ཡི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལྟེ་བའི་གནད་དོན་ཡིན། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་སློབ་གསོ་བྱེད་པ་དང་ཆབས་ཅིག་ཏུ་ད་དུང་རྒྱལ་གཅེས་རིང་ལུགས་དང་སྒྲིག་ཁྲིམས་ཀྱི་སློབ་གསོ་གཏོང་དགོས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། “ལྔ་སྤེལ་བཞི་མཛེས་གསུམ་ཞེན” རྒྱུན་འཁྱོངས་བྱས་ཏེ། ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་ལྡན་པ། རིག་གནས་ཡོད་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཞིང་བ་གསར་བ་གསོ་སྐྱོང་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ལེགས་པར་བསྒྲུབས་ནས་ཁ་ཕྱོགས་ཡོ་བསྲང་བྱས་ཏེ་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དེ་གལ་ཆེའི་གནས་སུ་འཇོག་དགོས། བསམ་བློ་དང་ཆབ་སྲིད་བྱ་བའི་རྩ་དོན་རང་བཞིན་དང་འཐབ་འཛིང་རང་བཞིན་ཇེ་ཆེར་གཏོང་བ་དང་དུས་མཚུངས་སུ་བསྒྱུར་བཅོས་སྒོ་འབྱེད་དང་ཟུང་འབྲེལ་བྱས་ཏེ། ཞིང་སྡེ་ཡི་ཚོང་ཟོག་དཔལ་འབྱོར་གོང་དུ་སྤེལ་བ་དང་། ཞིང་བ་ཞིང་ལས་ཆུང་བའི་དཔལ་འབྱོར་གྱི་བསམ་བློའི་འཆིང་རྒྱ་ལས་ཐར་བར་ཁྲིད་སྟོན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དང་ཐུན་མོང་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེ་ཡི་རིག་གནས་དང་ཚན་རིག་ལག་རྩལ་སློབ་གསོ་ཁྱབ་གདལ་ཤུགས་ཆེར་བཏང་ནས་ཞིང་སྡེ་ཡི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
ཞིང་སྡེ་རུ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཡག་པོར་སྤེལ་བ་དམ་འཛིན་བྱེད་དགོས་ཤིང་། ལྷག་པར་དུ་སྡེ་སྲོལ་དམངས་ཆིངས་བཟོ་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། དེ་ནི་ཞིང་སྡེ་ཡི་བསམ་པའི་དཔལ་ཡོན་སྤེལ་སྟངས་ཡག་པོ་ཞིག་དང་མང་ཚོགས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་རང་གིས་རང་ལ་དོ་དམ་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ཡིན། དུས་མཚུངས་སུ་ད་དུང་ཞིང་སྡེ་ཡི་གྲོང་རྡལ་རིག་གནས་ལྟེ་གནས་འཛུགས་སྐྲུན་བྱེད་པར་དམ་འཛིན་ཡག་པོ་བྱེད་དགོས། འདི་ནི་ཞིང་སྡེ་ཡི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གཡུལ་ས་གལ་ཆེན་ཞིག་ཡིན། གཞན་ད་དུང་སྔོན་ཐོན་དཔེ་མཚོན་དམ་འཛིན་ཡག་པོ་བྱ་དགོས། ཁྱིམ་ཚང་བཟང་བོ་ལྔ་དང་དཔེ་བཟང་མི་སྒེར་བརྩོན་ལེན་བྱེད་པའི་བྱེད་སྒོ་དེ་རང་རྒྱལ་གྱི་རྒྱ་ཆེའི་ཞིང་སྡེ་རུ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་དཔལ་ཡོན་ལ་བརྩི་མཐོང་དང་། དཔལ་ཡོན་བརྩོན་ལེན། དཔལ་ཡོན་འཛུགས་སྤེལ་བཅས་ཀྱི་བྱ་སྤྱོད་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། འོན་ཀྱང་རང་རྒྱལ་གྱི་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་སྔར་བཞིན་དཀའ་ངལ་དང་ལས་འགན་ཧ་ཅང་ཆེན་པོ་འཕྲད་ཡོད་དེ། ཞིང་བའི་རིག་གནས་ཆུ་ཚད་ཅུང་དམའ་བ་དང་། བཀས་བཀོད་རྒྱུད་འཛིན། རྗེས་ལུས། བླུན་རྨོངས་བཅས་ཀྱི་བསམ་བློའི་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པའི་ཁར་ཞིང་སྡེའི་ལས་བྱེད་པ་ཁག་ཅིག་གིས་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱས་པ་མི་འདང་བས། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱ་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱིན་ཡོད། ཞིང་སྡེའི་བསམ་པའི་དཔལ་ཡོན་སྤེལ་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས་དུས་ཡུན་རིང་པོར་འབད་བརྩོན་ཆེན་པོ་བྱེད་དགོས།