ལས་ཞུགས་མི་སྣ་ནི་ཁེ་ལས་ཀྱི་བདག་པོ་ཡིན་ལ། བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་གནས་ཚུལ་དང་། ལྷག་པར་དུ་བདེ་འཇགས་དོ་དམ་ཁྲོད་ཀྱི་གནད་དོན་དང་ལས་འཛོལ་གྱི་རྐྱེན་ངན་བཅས་ལ་ཁོ་ཚོར་ཤིན་ཏུ་གསལ་ཆ་ཡོད་ཅིང་མི་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་གྱིན་ཡོད། ཁོ་ཚོར་བརྟེན་དགོས་པ་ལས་གཞན་ཁོ་ཚོར་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཐད་ཀྱི་ལྟ་སྐུལ་དང་རང་སྲུང་གི་དབང་ཆ་བཅས་བསྩལ་ན། ད་གཟོད་སྔོན་འགོག་གཙོ་བོར་བཟུང་ཞིང་རྐྱེན་མ་བྱུང་སྔོན་ལ་ཟློག་ཐུབ་པ་མ་ཟད། ཁོ་ཚོའི་ལུས་ཁམས་ཀྱི་བདེ་འཇགས་དང་བདེ་ཐང་གི་ཐད་ལའང་འགན་སྲུང་བྱ་ཐུབ། བདེ་འཇགས་ལ་དོ་སྣང་བྱེད་པ་དོན་གྱིས་ཚེ་སྲོག་དང་ཁེ་ལས་ལ་སེམས་ཁུར་བྱེད་པ་ཡིན།
《བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ཞེས་པར། ལས་ཁུངས་ལ་ལས་ལས་ཞུགས་མི་སྣའི་བདེ་འཇགས་དོ་དམ་གྱི་ལྟ་སྐུལ་ཁེ་དབང་ལ་མཐོང་ཆེན་མ་བྱེད་པ་དང་། ཐ་ན་ཁེ་དབང་དེ་འཕྲོག་པའི་གནད་དོན་ལ་དམིགས་ཏེ། ལས་ཞུགས་མི་སྣར་རང་རེའི་ལས་ཁུངས་ཀྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ལས་དོན་གྱི་ཐད་ལ་དགོངས་འཆར་འདོན་པ་དང་། རང་རེའི་ལས་ཁུངས་ཀྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ལས་དོན་ཁྲོད་དུ་གནད་དོན་ཡོད་པ་ལ་སྐྱོན་བརྗོད་དང་ཉེས་འདོན། གྱོད་གཏུག་བཅས་བྱེད་པའི་དཁེ་དབང་ཡོད་ཅེས་གཏན་ལ་ཕབ་ཡོད།