གནོད་འཚེའི་རྒྱུ་རྐྱེན་དང་མཁོ་བསྟུན་བྱེད་ཐབས་ཤེས་པའི་ཁེ་དབང་།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:06ལ་འགྲུབ།

གནོད་འཚེའི་རྒྱུ་རྐྱེན་དང་མཁོ་བསྟུན་བྱེད་ཐབས་ཤེས་པའི་ཁེ་དབང་།

ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་དུ་ལས་ཞུགས་མི་སྣའི་བདེ་ཐང་གི་ཐད་ལ་ཉེན་ཁ་དང་གནོད་འཚེ་ཡོད་པའི་རྒྱུ་རྐྱེན་གང་མང་ཡོད། གནོད་འཚེའི་རྒྱུ་རྐྱེན་དེ་དག་དང་ཐད་ཀར་དུ་རེག་པའི་ལས་ཞུགས་མི་སྣ་དག་ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཐད་ལ་ལས་འཛོལ་བྱུང་བའི་ཁྲོད་ཀྱི་གནོད་འཚེ་མྱོང་མཁན་ཡིན། བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཐད་ལ་ལས་འཛོལ་བྱུང་ནས་ལས་ཞུགས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་ལས་མང་ཆེ་ཤོས་ནི་ཉེན་ཁའི་རྒྱུ་རྐྱེན་ཤེས་དགོས་པ་དང་། ལས་འཛོལ་བྱུང་བར་མཁོ་བསྟུན་བྱེད་ཐབས་སྤྱད་དགོས་པའི་ཁེ་དབང་བཅས་ལས་ཞུགས་མི་སྣས་ལོངས་སུ་སྤྱད་མེད་པ་ལ་རག་ལས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
危险因素和应急措施的知情权
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
ངལ་རྩོལ་པའི་ཚེ་སྲོག་བདེ་འཇགས་དང་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱེད་པ།
རིགས།
བཟོ་སྐྲུན་ལག་རྩལ་གྱི་ཁེ་དབང་།
དཀར་ཆག
1 ནང་དོན།  

ཐོན་སྐྱེད་ཀྱི་བརྒྱུད་རིམ་ཁྲོད་དུ་ལས་ཞུགས་མི་སྣའི་བདེ་ཐང་གི་ཐད་ལ་ཉེན་ཁ་དང་གནོད་འཚེ་ཡོད་པའི་རྒྱུ་རྐྱེན་གང་མང་ཡོད།  གནོད་འཚེའི་རྒྱུ་རྐྱེན་དེ་དག་དང་ཐད་ཀར་དུ་རེག་པའི་ལས་ཞུགས་མི་སྣ་དག་ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཐད་ལ་ལས་འཛོལ་བྱུང་བའི་ཁྲོད་ཀྱི་གནོད་འཚེ་མྱོང་མཁན་ཡིན།  བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཐད་ལ་ལས་འཛོལ་བྱུང་ནས་ལས་ཞུགས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་ལས་མང་ཆེ་ཤོས་ནི་ཉེན་ཁའི་རྒྱུ་རྐྱེན་ཤེས་དགོས་པ་དང་།  ལས་འཛོལ་བྱུང་བར་མཁོ་བསྟུན་བྱེད་ཐབས་སྤྱད་དགོས་པའི་ཁེ་དབང་བཅས་ལས་ཞུགས་མི་སྣས་ལོངས་སུ་སྤྱད་མེད་པ་ལ་རག་ལས་པ་ཡིན།  ལས་ཞུགས་མི་སྣས་ཉེན་ཁའི་རྒྱུ་རྐྱེན་སོགས་ཤེས་པ་མ་ཟད།  བདེ་འཇགས་སྐོར་གྱི་ཤེས་བྱ་དང་ཐག་གཅོད་བྱེད་ཐབས་བཅས་ལ་རྒྱུས་གསལ་བོ་ལོན་ཚེ་བདེ་འཇགས་མི་ཡོང་བའི་རྒྱུ་རྐྱེན་དང་ལས་འཛོལ་ཀྱི་རྐྱེན་ངན་མང་པོ་སེལ་ཐུབ་པ་དང་།  ལས་འཛོལ་ལ་གཡོལ་བའམ་ཤི་རྨས་ཀྱི་གྲངས་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ།  དེ་བས།  《བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས》ཞེས་པར།  ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱི་ལས་ཞུགས་མི་སྣར་ལས་གཉེར་བྱ་ཡུལ་དང་ལས་གནས་ཡོད་པའི་ཉེན་ཁའི་རྒྱུ་རྐྱེན་དང་ལས་འཛོལ་བྱུང་བར་སྤྱད་པའི་མཁོ་བསྟུན་བྱེད་ཐབས་བཅས་རྒྱུས་མངའ་ལོན་པའི་དབང་ཆ་ཡོད་ཅེས་བཀོད།    


བརྡ་འགྲེལ་གདོང་འཛར།

གནོད་འཚེ། བྱེད་ཐབས། ཁེ་དབང་།