ལས་རྨས་ཉེན་འགོག་འགན་ལེན་དང་ཤི་རྨས་ལ་གུན་གསབ་པའི་ཁེ་དབང་།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:06ལ་འགྲུབ།

ལས་རྨས་ཉེན་འགོག་འགན་ལེན་དང་ཤི་རྨས་ལ་གུན་གསབ་པའི་ཁེ་དབང་།

《བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས》ཞེས་པའི་དོན་ཚན་ཞེ་བཞིའི་ནང་དུ། ཐོན་སྐྱེད་བདག་གཉེར་ལས་ཁུངས་དང་ལས་ཞུགས་མི་སྣའི་བར་ལ་ངལ་རྩོལ་གྱི་གན་རྒྱ་འཇོག་དུས་ལས་ཞུགས་མི་སྣའི་ངལ་རྩོལ་བདེ་འཇགས་སྐོར་འགན་སྲུང་དང་ལས་ནད་སོགས་དང་འབྲེལ་ཡོད་ཀྱི་དོན་ཚན་གསལ་བོར་འགོད་དགོས་པ་མ་ཟད། ལས་ཞུགས་མི་སྣར་ཁྲིམས་ལྟར་ལས་རྨས་ཉེན་འགོག་འགན་ལེན་གྱི་དོན་ཚན་ཡང་བསྒྲུབ་དགོས། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ། བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་ལས་འཛོལ་བྱུང་བས་ལས་ཞུགས་མི་སྣ་ཤི་རྨས་བྱུང་བ་དེར་ཁྲིམས་ལྟར་འཁུར་དགོས་པའི་འོས་འགན་མེད་པར་བཟོ་བའམ་ཇེ་ཡང་དུ་གཏན་ནས་བཏང་མི་ཆོག་ཅེས་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工伤保险和伤亡求偿权
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
ངལ་རྩོལ་པའི་ཚེ་སྲོག་བདེ་འཇགས་དང་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱེད་པ།
རིགས།
བཟོ་སྐྲུན་ལག་རྩལ་གྱི་ཁེ་དབང་།
1 ​ནང་དོན།  

《བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས》ཞེས་པའི་དོན་ཚན་ཞེ་བཞིའི་ནང་དུ།  ཐོན་སྐྱེད་བདག་གཉེར་ལས་ཁུངས་དང་ལས་ཞུགས་མི་སྣའི་བར་ལ་ངལ་རྩོལ་གྱི་གན་རྒྱ་འཇོག་དུས་ལས་ཞུགས་མི་སྣའི་ངལ་རྩོལ་བདེ་འཇགས་སྐོར་འགན་སྲུང་དང་ལས་ནད་སོགས་དང་འབྲེལ་ཡོད་ཀྱི་དོན་ཚན་གསལ་བོར་འགོད་དགོས་པ་མ་ཟད།  ལས་ཞུགས་མི་སྣར་ཁྲིམས་ལྟར་ལས་རྨས་ཉེན་འགོག་འགན་ལེན་གྱི་དོན་ཚན་ཡང་བསྒྲུབ་དགོས།  ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ།  བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་ལས་འཛོལ་བྱུང་བས་ལས་ཞུགས་མི་སྣ་ཤི་རྨས་བྱུང་བ་དེར་ཁྲིམས་ལྟར་འཁུར་དགོས་པའི་འོས་འགན་མེད་པར་བཟོ་བའམ་ཇེ་ཡང་དུ་གཏན་ནས་བཏང་མི་ཆོག་ཅེས་བཀོད་ཡོད།

དེའི་དོན་ཚན་ཞེ་བརྒྱད་པའི་ནང་དུ།  བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་ལས་འཛོལ་བྱུང་སྟེ།  གནོད་སྐྱོན་ཐེབས་པའི་མི་སྣར་ཁྲིམས་ལྟར་བཟོ་རྨས་ཉེན་འགོག་འགན་ལེན་ཐོབ་པ་མ་ཟད།  གལ་ཏེ་དམངས་དོན་སྐོར་གྱི་བཅའ་ཁྲིམས་དང་འབྲེལ་ཡོད་སྐོར་གཞིར་བཟུང་ན་རང་ལ་སྐྱིན་ཚབ་སྤྲོད་དགོས་པའི་ཁེ་དབང་ཡོད་ན་ལས་ཁུངས་དེ་གར་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་ཞུ་བའི་དབང་ཆ་ཡོད་ཅེས་བཀོད་ཡོད།

དེའི་དོན་ཚན་སོ་གསུམ་གྱི་ནང་དུ།  ཐོན་སྐྱེད་བདག་གཉེར་ལས་ཁུངས་ཁྲིམས་ལྟར་བཟོ་རྨས་སྤྱི་ཚོགས་ཉེན་འགོག་འགན་ལེན་ལ་ངེས་པར་དུ་ཞུགས་དགོས་པ་མ་ཟད།  ལས་ཞུགས་མི་སྣ་ལ་ཉེན་འགོག་འགན་ལེན་གྲོན་དངུལ་སྤྲད་དགོས།  དེ་དག་ལས་གཞན་བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་ལས་འཛོལ་བྱུང་བས་ལས་ཞུགས་མི་སྣ་ཤི་རྨས་བྱུང་བ་དེར་ཁྲིམས་ལྟར་འཁུར་དགོས་པའི་འོས་འགན་མེད་པར་བཟོ་བའམ་ཇེ་ཡང་དུ་གཏོང་བ་དེའི་རིགས་ལ་ཁྲིམས་ལུགས་སུ་འདི་ལྟར་ཐག་བཅད་ཡོད་དེ།  ཐོན་སྐྱེད་བདག་གཉེར་ལས་ཁུངས་དང་ལས་ཞུགས་མི་སྣའི་བར་དུ་བཞག་པའི་གྲོས་མཐུན་ཡིག་ཆ་དེས་གོ་མི་ཆོད་པ་མ་ཟད།  ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་དང་ཁེར་གཉེར་དངུལ་འཇོག་མཁན་བཅས་ལ་དམངས་སྒོར་ཁྲི་གཉིས་ནས་འབུམ་གཉིས་བར་གྱི་ཆད་པ་གཅོད་དགོས་ཞེས་བཀོད་ཡོད།

《བདེ་འཇགས་ངང་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས》ཞེས་པར་འབྲེལ་ཡོད་ཀྱི་ཕྱོགས་བཞི་གཏན་ལ་ཕབ་པ་གཤམ་གསལ་ལྟར།  

གཅིག ལས་ཞུགས་མི་སྣར་ཁྲིམས་ལྟར་བཟོ་རྨས་ཉེན་འགོག་འགན་ལེན་དང་ཤི་རྨས་སྐྱིན་ཚབ་སྤྲོད་དགོས་པའི་རེ་འདུན་ཞུ་བའི་ཁེ་དབང་ཡོད།  ཁེ་དབང་འདི་གཏན་འབེབས་བྱེད་དགོས་ན་ངལ་རྩོལ་གྱི་གན་རྒྱའི་དགོས་ངེས་དོན་ཚན་གྱི་ཐོག་ཏུ་ཡི་གེར་བཀོད་པ་དེ་ཉིད་ཁས་ལེན་པ་ཡིན་ཞེས་ཁྲིམས་སུ་བཀོད་ཡོད།

གཉིས།  ལས་ཞུགས་མི་སྣར་བཟོ་རྨས་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་གྲོན་དངུལ་དང་དམང་དོན་སྐོར་གྱི་སྐྱིན་ཚབ་བཅས་ཁྲིམས་ལྟར་སྤྲོད་པ་ནི་ཐོན་སྐྱེད་བདག་གཉེར་ལས་ཁུངས་ཀྱི་འོས་འགན་ཡིན།

གསུམ།  བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་ལས་འཛོལ་བྱུང་རྗེས་ཐོག་མར་ལས་ཞུགས་མི་སྣར་ངལ་རྩོལ་གྱི་གན་རྒྱ་དང་བཟོ་རྨས་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་གྱི་གན་རྒྱ་བཅས་ཀྱི་གཏན་ཕབ་ལྟར་སྐྱིན་ཚབ་སྤྲོད་དངུལ་ཐོབ་པ་ཡིན།

བཞི།  ལས་ཞུགས་མི་སྣར་བཟོ་རྨས་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་དང་དམངས་དོན་སྐོར་གྱི་སྐྱིན་ཚབ་བཅས་ཀྱི་དངུལ་ཚད་དང་དངུལ་ལེན་པ།  དངུལ་སྤྲོད་པའི་གོ་རིམ་བཅས་ནི་བཅའ་ཁྲིམས་དང་ཁྲིམས་སྲོལ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆོད་དོན་དང་ངེས་པར་དུ་མཐུན་དགོས། 


བརྡ་འགྲེལ་གདོང་འཛར།

ཐོན་སྐྱེད། བདེ་འཇགས། ཉེན་འགོག