ལས་ཞུགས་མི་སྣའི་བདེ་འཇགས་བདེ་ཐང་གི་ཁེ་དབང་།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:06ལ་འགྲུབ།

ལས་ཞུགས་མི་སྣའི་བདེ་འཇགས་བདེ་ཐང་གི་ཁེ་དབང་།

ལས་ཞུགས་མི་སྣའི་ལས་རིགས་བདེ་འཇགས་དང་བདེ་ཐང་སྐོར་གྱི་ཁེ་དབང་ལ། ལས་རིགས་བདེ་འཇགས་དང་འཕྲོད་བསྟེན་སྐོར་གྱི་ཁེ་དབང་དང་ལས་རྨས་ཉེན་འགོག་འགན་ལེན་དང་ཤི་རྨས་ལ་གུན་གསབ་པའི་ཁེ་དབང་། གནོད་འཚེའི་རྒྱུ་རྐྱེན་དང་མཁོ་བསྟུན་བྱེད་ཐབས་ཤེས་པའི་ཁེ་དབང་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
从业人员安全健康权利
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
ངལ་རྩོལ་པའི་ཚེ་སྲོག་བདེ་འཇགས་དང་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱེད་པ།
རིགས།
བཟོ་སྐྲུན་ལག་རྩལ་གྱི་ཁེ་དབང་།
1 ​ནང་དོན།  

ལས་ཞུགས་མི་སྣའི་ལས་རིགས་བདེ་འཇགས་དང་བདེ་ཐང་སྐོར་གྱི་ཁེ་དབང་ཆེན་པོ་དྲུག་ཡོད་པ་སྟེ།  གཅིག ལས་རིགས་བདེ་འཇགས་དང་འཕྲོད་བསྟེན་སྐོར་གྱི་ཁེ་དབང་།  གཉིས།  ལས་རྨས་ཉེན་འགོག་འགན་ལེན་དང་ཤི་རྨས་ལ་གུན་གསབ་པའི་ཁེ་དབང་།  གསུམ།  གནོད་འཚེའི་རྒྱུ་རྐྱེན་དང་མཁོ་བསྟུན་བྱེད་ཐབས་ཤེས་པའི་ཁེ་དབང་།  བཞི།   བདེ་འཇགས་དོ་དམ་གྱི་སྐྱོན་བརྗོད་དང་ལྟ་སྐུལ་གྱི་ཁེ་དབང་།  ལྔ།  སྒྲིག་ཁྲིམས་དང་འགལ་བའི་བཀོད་འདོམས་དང་བཙན་གྱིས་བྱ་བ་བཀོད་སྒྲིག་བྱེད་པ་དང་ལེན་མི་བྱེད་པའི་ཁེ་དབང་།   དྲུག གནས་ཚུལ་ཚབས་ཆེན་བྱུང་ཚེ་ལས་མཚམས་འཇོག་པ་དང་ལས་ཡུལ་ནས་ཕྱིར་འཐེན་བྱེད་པའི་ཁེ་དབང་བཅས་སོ། ། 


བརྡ་འགྲེལ་གདོང་འཛར།

བདེ་འཇགས། ཐོན་སྐྱེད། ལས་ཞུགས།