ལས་ཞུགས་མི་སྣའི་ལས་རིགས་བདེ་འཇགས།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:06ལ་འགྲུབ།

ལས་ཞུགས་མི་སྣའི་ལས་རིགས་བདེ་འཇགས།

ལས་ཞུགས་མི་སྣ་ནི་བདེ་འཇགས་ཐོན་སྐྱེད་ལ་སྲུང་སྐྱོབ་བྱ་ཡུལ་ཡིན་པ་མ་ཟད། བདེ་འཇགས་ཐོན་སྐྱེད་མངོན་གྱུར་བྱེད་པའི་རྒྱུ་རྐྱེན་གཙོ་བོའང་ཡིན། བདེ་འཇགས་ངང་ཐོན་སྐྱེད་བྱེད་པ་མངོན་འགྱུར་བྱུང་བ་དང་། བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐབས་སུ་ལས་འཛོལ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་ཆེད་ཐོན་སྐྱེད་བདག་གཉེར་གྱི་ལས་ཁུངས་ཀྱི་ལས་ཞུགས་མི་སྣར་ཁྲིམས་ལྟར་ཐོབ་པའི་བདེ་འཇགས་འགན་ལེན་སྐོར་གྱི་ཁེ་དབང་ལ་ངེས་པར་དུ་འགན་ལེན་བྱ་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
从业人员职业安全
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
ངལ་རྩོལ་པའི་ཚེ་སྲོག་བདེ་འཇགས་དང་ལས་རིགས་བདེ་ཐང་སྲུང་སྐྱོབ་བྱེད་པ།
རིགས།
བཟོ་སྐྲུན་ལག་རྩལ།
1 ​ནང་དོན།  

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས》གཤམ་ནས་ངལ་རྩོལ་བཅའ་ཁྲིམས་ཞེས་བསྟན་ཞེས་པའི་དོན་ཚན་གསུམ་པའི་ནང་དུ་ངལ་རྩོལ་པ་ལ་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་སྲུང་སྐྱོབ་སྐོར་གྱི་ཁེ་དབང་ཡོད་ཅེས་བཀོད་ཡོད།  ངལ་རྩོལ་པར་བདེ་འཇགས་དང་འཕྲོད་བསྟེན་སྐོར་གྱི་ཁེ་དབང་ཡོད་པ་དེ་ངལ་རྩོལ་གན་རྒྱའི་ཐོག་ཏུ་གསལ་བོར་མཚོན་དགོས་ཞེས་བསྟན་ཡོད།  ངལ་རྩོལ་གན་རྒྱ་ནི་ངལ་རྩོལ་པ་དང་མི་བཀོལ་ལས་ཁུངས་བར་ལ་ངལ་རྩོལ་འབྲེལ་བ་འཛུགས་པ་དང་། ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་གསལ་བོར་གཏན་ལ་ཕབ་པའི་གྲོས་མཐུན་ཡིག་ཆ་ཡིན་པ་དང་། ཕྱོགས་གཉིས་ཀའི་བར་ལ་ངལ་རྩོལ་འབྲེལ་བ་དང་བཙུགས་པ་དང་ངལ་རྩོལ་འབྲེལ་བའི་ནང་དོན་གཏན་འཁེལ་བྱས་པའི་དཔང་ཡིག་དང་གཞི་འཛིན་སའང་ཡིན། ངལ་རྩོལ་པ་ལ་མཚོན་ནས་བཤད་ན།  ངལ་རྩོལ་གན་རྒྱ་ནི་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་་ལ་འགན་ལེན་བྱེད་པའི་སྲུང་འཁོར་ལྟ་བུ་ཡིན་ཞེས་བརྗོད་ཆོག ལས་བཟོ་བས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཆེད་མི་བཀོལ་ལས་ཁུངས་དང་ངལ་རྩོལ་གྱི་འབྲེལ་བ་འཛུགས་པའི་སྐབས་སུ་ངེས་པར་དུ་ངལ་རྩོལ་གན་རྒྱ་འཇོག་དགོས།  དེར་བརྟེན། 《ངལ་རྩོལ་བཅའ་ཁྲིམས》ཞེས་པར། ངལ་རྩོལ་གྱི་འབྲེལ་བ་འཛུགས་དུས་ངེས་པར་དུ་ངལ་རྩོལ་གན་རྒྱ་འཇོག་དགོས་ཤིང་ངལ་རྩོལ་གན་རྒྱ་ངེས་པར་དུ་ཡི་གེར་འགོད་དགོས་པ་མ་ཟད། གཤམ་གྱི་དོན་ཚན་བཅས་ཚང་དགོས་ཞེས་འཁོད་ཡོད། 《བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ནད་འགོག་བཅོས་བཅའ་ཁྲིམས》གཤམ་ནས་ལས་ནད་འགོག་བཅོས་བཅའ་ཁྲིམས་ཞེས་བཀོད་ཡོད།  ལས་བཟོ་བའི་ལས་རིགས་བདེ་འཇགས་དང་བདེ་ཐང་ལ་སྲུང་སྐྱོབ་དང་ལས་བཟོ་བའི་བདེ་འཇགས་དང་བདེ་ཐང་སྐོར་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་བའི་ཕྱོགས་ནས། ངལ་རྩོལ་གན་རྒྱའི་ནང་དུ་ལས་བཟོ་བའི་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན། ལས་རྨས་ཉེན་འགོག་འགན་ལེན་སྒྲུབ་པ་བཅས་ཁྲིམས་བཀོད་དོན་ཚན་འདི་གཉིས་ངེས་པར་དུ་གསལ་བོར་འགོད་དགོས་ཞེས་གཏན་འཁེལ་བྱས་ཡོད།  《ལས་ནད་འགོག་བཅོས་བཅའ་ཁྲིམས》ཞེས་པའི་དོན་ཚན་སུམ་ཅུའི་ནང་དུ། མི་བཀོལ་ལས་ཁུངས་དང་ངལ་རྩོལ་པ་གཉིས་ཀས་ངལ་རྩོལ་གན་རྒྱ་འཇོག་དུས། ལས་ཁུངས་ཀྱིས་བྱ་བའི་བརྒྱུད་རིམ་ཁྲོད་འབྱུང་སྲིད་པའི་ལས་ནད་དང་དེའི་མཇུག་འབྲས། ལས་ནད་འགོག་ཐབས་དང་གླ་ཕོགས་སོགས་ངལ་རྩོལ་པར་དྲང་མོར་བཤད་དགོས་པ་མ་ཟད། ངལ་རྩོལ་གན་རྒྱའི་ཐོག་ཏུའང་གསལ་བོར་འགོད་དགོས་པ་ལས་སྦས་གསང་ངམ་མགོ་སྐོར་གཏོང་མི་རུང་། བཞག་ཟིན་པའི་ངལ་རྩོལ་གན་རྒྱའི་དུས་ཡུན་ནང་ངལ་རྩོལ་ལས་གནས་སམ་ངལ་རྩོལ་བྱ་ཡུལ་བཅས་ཀྱི་དབང་གིས་ངལ་རྩོལ་པ་བརྗེས་པ་དང་། བཞག་ཟིན་པའི་ངལ་རྩོལ་གན་རྒྱའི་ནང་ལས་ནད་སྐོར་ངལ་རྩོལ་པར་གསལ་བོར་མ་བཤད་པར་ལས་གཉེར་བྱེད་དུས། ས་ཁུངས་དེ་གས་གོང་གི་དོན་ཚན་ལྟར་འོས་འགན་འཁུར་དགོས་པ་མ་ཟད། སྔོན་གྱི་གན་རྒྱའི་ནང་གི་འབྲེལ་ཡོད་དོན་ཚན་དག་ལ་གྲོས་མོལ་བྱས་ཏེ་སྒྱུར་བཅོས་བྱ་དགོས་ཞེས་བཀོད་ཡོད། 


བརྡ་འགྲེལ་གདོང་འཛར།

བདེ་འཇགས། ཐོན་སྐྱེད། ལས་ཞུགས།