ཞིང་སྡེ་བསྒྱུར་བཅོས།སྔ་མའི་པར་གཞི་དེ དབང་ཆེན་མེ་ཏོག  ནས 2025-11-26 10:46ལ་འགྲུབ།

ཞིང་སྡེ་བསྒྱུར་བཅོས།

ཞིང་སྡེ་བསྒྱུར་བཅོས།
ཞིང་སྡེ་བསྒྱུར་བཅོས་བྱས་ནས་ཞིང་སྡེ་འཕེལ་རྒྱས་གཏོང་བར་འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། ཞིང་སྡེའི་གསོན་ཤུགས་སྐུལ་སློང་བྱེད་པར་ཞིང་སྡེའི་བསྒྱུར་བཅོས་ནི་ཀྲུང་གོ་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
农村改革
སྒྲ་སྦྱོར་ཡི་གེ
nóng cūn gǎi gé
1 རྩ་བའི་གོ་དོན།

ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་སྲུང་དང་།   ས་ཞིང་འགན་གཙང་ལེན་བྱེད་པའི་འབྲེལ་བ་བརྟན་པོ་ཡོང་བར་རྒྱུན་འཁྱོངས།   ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བཅས་བྱས་ཏེ།   ཞིང་ལས་གཉེར་སྐྱོང་གསར་བ་རིགས་གཉིས་དམིགས་སུ་བཀར་ནས་རོགས་སྐྱོར་བྱེད་པ་དང་།   ཐོན་སྐྱེད་གཉེར་སྐྱོང་གི་ལས་ཆོད་ཆེ་རུ་གཏོང་བ།   ཞིང་སྡེ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས།   ཞིང་བའི་གོ་གནས་རྒྱུན་འཁྱོངས་དང་།   ལོ་རྒྱུས་ཀྱི་ཧུར་སེམས་མཐོར་འདེགས་སུ་གཏོང་དགོས།   

2 གོ་དོན།  

ཞིང་སྡེ་བསྒྱུར་བཅོས་བྱས་ནས་ཞིང་བ་རྣམས་ཀྱིས་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་དང་།   ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས།   

3 སྲིད་ཇུས་ཁྱབ་བསྒྲགས།  

སྤྱི་ལོ2024ལོའི་ཟླ12པའི་ཚེས17ཉིན་ནས་ཚེས18ཉིན་བར།   ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་།   ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།  《ཞིང་སྡེ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད།   

སྤྱི་ལོ2025ལོའི་ཟླ2པའི་ཚེས23ཉིན།   ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་ཤིང་།   《ཞིང་སྡེ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཞིང་སྡེ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》གྱི་ནང་དུ་སྒྱུར་བཅོས་སྒོ་དབྱེ་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་།   “ཁྲི་སྟོང་ལས་གཞིའི”ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་།   ཚབ་ཆེན་རང་བཞིན་གྱི་དབུལ་བོ་མི་བྱུང་ཁག་ཐེག་བྱས་ནས།   ཞིང་སྡེ་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་དང་ཞིང་སྡེ་འཛུགས་སྐྲུན་ཆུ་ཚད།   གྲོང་གསེབ་བཅོས་སྐྱོང་ཆུ་ཚད་བཅས་མཐོར་འདེགས་སུ་བཏང་སྟེ།   ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཁེ་ཕན་དང་ནུས་ཤུགས།   ཡོང་འབབ་བཅས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས།   ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་རྨང་གཞི་གཏིང་དགོས།   


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་སྡེ། ལམ་ལུགས། བསྒྱུར་བཅོས།