བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:07ལ་འགྲུབ།

བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ།

བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་བཅའ་ཁྲིམས་མ་ལག་ནི་བཅའ་ཁྲིམས་ཀྱི་རྣམ་པ་དང་རིམ་པ་མང་པོ་འདུས་པའི་སྣ་འཛོམས་རང་བཞིན་གྱི་མ་ལག་ཅིག་ཡིན། བཅའ་ཁྲིམས་བྱ་སྤྱོད་ཀྱི་རྣམ་པ་དང་ཁྱད་ཆོས་ཀྱི་ཟུར་ནས་བཤད་ན། དེའི་ནང་དུ་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོངས་ཀྱི་རྩ་ཁྲིམས་ཀྱི་བྱ་སྤྱོད་འདུས་པ་མ་ཟད། སྲིད་འཛིན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཚད་ལྡན་དང་ལག་རྩལ་རང་བཞིན་གྱི་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཚད་ལྡན། གོ་རིམ་ཅན་གྱི་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཚད་ལྡན་བཅས་ཀྱང་འདུས་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安全生产的法律体系
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
བཅའ་ཁྲིམས།
རིགས།
ཁྲིམས་ལུགས།
1 རྩ་ཁྲིམས།

《རྩ་ཁྲིམས》ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་མ་ལག་གི་རིམ་པ་ཆེས་མཐོ་ཤོས་ཡིན། 《རྩ་ཁྲིམས》ནང་དུ་ངལ་རྩོལ་སྲུང་སྐྱོབ་ལ་ཤུགས་སྣོན་དང་ངལ་རྩོལ་གྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཕན་ནུས་ཀྱིས་ཐག་བཅད་པ་ཆེས་མཐོ་ཤོས་ཡིན་ཞེས་བཀོད་ཡོད།

2 བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས།

རྨང་གཞིའི་བཅའ་ཁྲིམས།  རང་རྒྱལ་གྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཀྱི་ནང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》བསྡུས་མིང་ལ། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་། དེ་དང་རིམ་པ་མཉམ་པའི་ཆེད་གཉེར་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་བཅས་འདུས། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཞེས་པ་ནི་བདེ་འཇགས་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལམ་ལུགས་ཕྱོགས་བསྡུས་བྱེད་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཡོད་ཚད་ལ་འཚམ་པ་དང་། རང་རྒྱལ་གྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཡོངས་ཀྱི་སྲོག་ཤིང་ཡིན།

ཆེད་གཉེར་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཆེད་གཉེར་བཅའ་ཁྲིམས་ནི་ཆེད་ལས་ཁྱབ་ཁོངས་ག་གེ་མོའི་ནང་དུ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ལམ་ལུགས་ཚད་ལྡན་དུ་གཏོང་བའི་བཅའ་ཁྲིམས་ལ་ཟེར།  དཔེར་ན། རང་རྒྱལ་གྱི་གཏེར་རི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཁྱབ་ཁོངས་ནང་གི་ཆེད་གཉེར་བཅའ་ཁྲིམས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》བསྡུས་མིང་ལ། 《གཏེར་རི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཟེར་བ་ལྟ་བུ །

འབྲེལ་ཡོད་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཞེས་པ་ནི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཆེད་གཉེར་བཅའ་ཁྲིམས་མ་ཡིན་པའི་བཅའ་ཁྲིམས་གཞན་པའི་ནང་དུ་བདེ་འཇགས་ཐོན་སྐྱེད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་རིགས་ལ་གོ དཔེར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་བཅའ་ཁྲིམས》སོགས་ལྟ་བུའོ།  །

3 བདེ་འཇགས་ཐོན་སྐྱེད་ཀྱི་སྲིད་འཛིན་ཁྲིམས་སྲོལ།

སྲིད་འཛིན་ཁྲིམས་སྲོལ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་འཛུགས་བྱས་ཤིང་གཏན་ལ་ཕབ་པ་མ་ཟད། ཆོག་མཆན་བཀོད་ཅིང་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་ཞིང་། དེ་ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་སམ་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་ལག་བསྟར་བྱེད་ཆེད་གཏན་ལ་ཕབ་ཅིང་ཁྱབ་བསྒྲགས་བྱས་པ་ཞིག་དང་།   བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ལས་དོན་བཅས་ལག་བསྟར་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན། དཔེར་ན། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་དོན་རྐྱེན་ཆེན་པོའི་སྲིད་འཛིན་འགན་ཁུར་རྩད་གཅོད་སྐོར་གྱི་གཏན་འབེབས》དང《རྡོ་སོལ་གཏེར་ཁ་བདེ་འཇགས་ལྟ་ཞིབ་སྐོར་གྱི་ཁྲིམས་སྲོལ》སོགས་ལྟ་བུ།

4 ས་གནས་རང་བཞིན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཁྲིམས་སྲོལ།

ས་གནས་རང་བཞིན་གྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཁྲིམས་སྲོལ་ནི་ཁྲིམས་འཛུགས་པའི་དབང་ཆ་ཡོད་པའི་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ས་གནས་སྲིད་གཞུང་བཅས་ཀྱིས་གཏན་ལ་ཕབ་པའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཡིག་ཆ་ཚད་ལྡན་ཅན་ཞིག་ཡིན།  དེ་ནི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཁ་གསབ་དང་འཐུས་ཚང་དུ་བཏང་བ་ཞིག་ཡིན་ལ །  དེས་ས་གནས་དེ་གའི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གནད་དོན་ངེས་ཅན་ཞིག་ཐག་གཅོད་བྱེད་པ་དམིགས་འབེན་དུ་བཟུང་ཡོད་པས་དེར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་བྱ་ཐུབ་པའི་རང་བཞིན་བཅས་ཡོད།  

5 ཚན་པ་དང་ས་གནས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྒྲིག་སྲོལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྒྲིག་སྲོལ་ནི་འབྲེལ་ཡོད་སྡེ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གྱི་ཐད་ལ་ཤུགས་སྣོན་པའི་ཆེད་དུ་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་ཚད་ལྡན་ཞིག་ཡིན་པ་དཔེར་ན། རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《བདེ་འཇགས་ཐོན་སྐྱེད་ཁྲིམས་འགལ་བྱ་སྤྱོད་སྐོར་གྱི་སྲིད་འཛིན་ཉེས་གཅོད་བྱེད་ཐབས》ཞེས་པ་ལྟ་བུ། ས་གནས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྒྲིག་སྲོལ་དེ་ཕྱོགས་གཅིག་ནས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་ཁོངས་སུ་གཏོགས་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཀྱི་ཁྲིམས་སྲོལ་གྱི་ཁོངས་སུ་གཏོགས་པ་མ་ཟད་དེ་གཉིས་དང་འགལ་བ་བཟོ་མི་རུང་། 


བརྡ་འགྲེལ་གདོང་འཛར།

བདེ་འཇགས། ཐོན་སྐྱེད། སྒྲིག་སྲོལ།