འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བདེ་འཇགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལས་འགན་ཨང་དང་པོ་ཡིན་པ་དང་། གྲངས་འབོར་དང་། སྤུས་ཚད། སྐྱེ་ཁམས་བཅས“གསུམ་གཞི་གཅིག”ཏུ་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པར་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་བཅས་མཐོ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་རིག་གནས་སྟོབས་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན་ཞིང་། ཞིང་ལས་དང་། གྲོང་གསེབ། ཞིང་བ་བཅས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཁབ་དར་རྒྱས་དང་བརྟན་ལྷིང་། མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་འབྲེལ་བ་ཡོད། ཤེས་ལྡན་མི་སྣའི་གསར་གཏོད་ནུས་པ་དང་ཆེད་ལས་ཤེས་བྱ་ཡོད་དགོས་པ་དང་། ཞིང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་བྱེད་པ། ཐོན་ལས་དར་སྤེལ་དང་། སྐྱེ་ཁམས་དང་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོ་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། ཞིང་བར་དེང་རབས་དཔལ་ཡོན་གྱི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།
སྤྱི་ལོ2024ལོའི་ཟླ12པའི་ཚེས9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚོགས་འདུ་འཚོགས་ནས་སྤྱི་ལོ2025ལོའི་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བ་དང་། གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
སྤྱི་ལོ2025ལོའི་ཟླ3པའི་ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས《2025ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་ལས་དོན་སྙན་ཞུའི》ནང“ཞིང་གསུམ”བྱ་བར་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བཏོན་ཡོད། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བ། ཞིང་བའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་གཏོང་དགོས།