རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས།སྔ་མའི་པར་གཞི་དེ ཟླ་བའི་སྲས་མོ  ནས 2025-11-20 11:07ལ་འགྲུབ།

རང་རྒྱལ་གྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས།

《རྩ་ཁྲིམས》ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་མ་ལག་གི་རིམ་པ་ཆེས་མཐོ་ཤོས་ཡིན། 《རྩ་ཁྲིམས》ནང་དུ་ངལ་རྩོལ་སྲུང་སྐྱོབ་ལ་ཤུགས་སྣོན་དང་ངལ་རྩོལ་གྱི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བ་ནི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཕན་ནུས་ཀྱིས་ཐག་བཅད་པ་ཆེས་མཐོ་ཤོས་ཡིན་ཞེས་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
我国安全生产的法律
གཙོ་སྒྲིག་པ།
ཧུའུ་ཀོང་ཞ་དང་ཏའོ་ཕེ་ཆན་གཉིས་ཡིན།
ངོ་བོ།
བདེ་འཇགས་ཐོན་སྐྱེད་བྱ་བའི་བཅའ་ཁྲིམས།
རིགས།
བཟོ་སྐྲུན་ལག་རྩལ་སྐོར་གྱི་བཅའ་ཁྲིམས།
1 དབྱེ་བ།  

བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཀྱི་ནང་དུ་རྨང་གཞིའི་བཅའ་ཁྲིམས་དང་ཆེད་གཉེར་བཅའ་ཁྲིམས། འབྲེལ་ཡོད་བཅའ་ཁྲིམས་སོགས་འདུ།  

2 ​ནང་དོན།  

གཅིག རྨང་གཞིའི་བཅའ་ཁྲིམས།  རང་རྒྱལ་གྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཀྱི་ནང་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》བསྡུས་མིང་ལ། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་། དེ་དང་རིམ་པ་མཉམ་པའི་ཆེད་གཉེར་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་བཅས་འདུས། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཞེས་པ་ནི་བདེ་འཇགས་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལམ་ལུགས་ཕྱོགས་བསྡུས་བྱེད་པའི་བཅའ་ཁྲིམས་ཤིག་ཡིན་ཞིང་། ཐོན་སྐྱེད་བདག་གཉེར་ལས་ཁུངས་ཡོད་ཚད་ལ་འཚམ་པ་དང་། རང་རྒྱལ་གྱི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ཡོངས་ཀྱི་སྲོག་ཤིང་ཡིན།

གཉིས།  ཆེད་གཉེར་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཆེད་གཉེར་བཅའ་ཁྲིམས་ནི་ཆེད་ལས་ཁྱབ་ཁོངས་ག་གེ་མོའི་ནང་དུ་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་ལམ་ལུགས་ཚད་ལྡན་དུ་གཏོང་བའི་བཅའ་ཁྲིམས་ལ་ཟེར།  དཔེར་ན། རང་རྒྱལ་གྱི་གཏེར་རི་བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཁྱབ་ཁོངས་ནང་གི་ཆེད་གཉེར་བཅའ་ཁྲིམས་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》བསྡུས་མིང་ལ། 《གཏེར་རི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཟེར་བ་ལྟ་བུ །

གསུམ།  འབྲེལ་ཡོད་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཞེས་པ་ནི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཆེད་གཉེར་བཅའ་ཁྲིམས་མ་ཡིན་པའི་བཅའ་ཁྲིམས་གཞན་པའི་ནང་དུ་བདེ་འཇགས་ཐོན་སྐྱེད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཀྱི་རིགས་ལ་གོ དཔེར་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བཅའ་ཁྲིམས》། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡོ་སོལ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྕགས་ལམ་བཅའ་ཁྲིམས》སོགས་ལྟ་བུའོ༎