ཞིང་སྡེའི་གཞི་རིམ་རྩ་འཛུགས་གྲུབ་ཚུལ།
ཞིང་སྡེའི་གཞི་རིམ་རྩ་འཛུགས་ནང་གྲོང་རྡལ(དོན་གཅོད་ཁང)དང་སྡེ་བ་རིམ་པར་བཙུགས་པའི་རྩ་འཛུགས་སྣ་ཚོགས་ཚུད་ཡོད་ཅིང་། གཙོ་བོ་སྡེ་བ་རིམ་པའི་རྩ་འཛུགས་ལ་ཟེར། དེའི་ནང་གཞི་རིམ་གྱི་སྲིད་དབང་དང་། གཞི་རིམ་གྱི་ཏང་རྩ་འཛུགས། རྩ་འཛུགས་གཞན་དག་བཅས་ཕྱོགས་གསུམ་ཚུད་ཡོད་པ་སྟེ། གཙོ་བོ་གྲོང་ཚོའི་ཏང་རྩ་འཛུགས་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་། གྲོང་ཚོའི་གུང་གཞོན་ཚོགས་པའི་ཀྲི་པུའུ། གྲོང་ཚོའི་བུད་མེད་འཐུས་ཚོགས། གྲོང་ཚོའི་ཡུལ་དམག་བརྒྱ་ཤོག་བཅས་དང་དེ་བཞིན“གསར་བ་གཉིས”རྩ་འཛུགས་(“དཔལ་འབྱོར་རྩ་འཛུགས་གསར་བ”དང“སྤྱི་ཚོགས་རྩ་འཛུགས་གསར་བ”བཅས་ཡོད་པ་དེའི་ཐོག་ནས་ཞིང་སྡེའི་གཞི་རིམ་རྩ་འཛུགས་ནང་ཏང་གིས་ཞིང་སྡེ་ལ་བཟུང་པའི་ལས་དོན་ཡོངས་རྫོགས་ཚུད་ཡོད་པ་ཤེས་ཐུབ།
ཞིང་སྡེ་གཞི་རིམ་རྩ་འཛུགས་ཀྱི་ལྟེ་བའི་མགོ་ཁྲིད་ནི་གཞི་རིམ་ཏང་གི་རྩ་འཛུགས་ཡིན།
ཞིང་སྡེ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་ལ་ཐུག་ཡོད། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན་ལ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་དང་ལས་དོན་ཁག་གི་ལས་འགན་དོན་འཁྱོལ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ཡང་ཡིན”པ་བཏོན། “ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་ཞིང་སྡེ་རུ་ལས་ཀ་བྱེད་པའི་རྨང་གཞི་ཡིན་པ་དང་། ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ཞིང་སྡེ་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་འཛིང་གི་བཙན་རྫོང་ཡིན་པས། ཞིང་བ་མང་ཚོགས་ལ་མགོ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཡིན། ཞིང་སྡེ་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་གི་གོ་གནས་ཀྱིས་གཤམ་གྱི་ཕྱོགས་འགའ་ཐག་གཅོད་བྱས་ཡོད་པ་མཚོན།
ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་རྩ་འཛུགས་ཀྱི་རྨང་གཞི་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་རྩ་འཛུགས་ཡོད་པའི་གཅིག་གྱུར་གྱི་ཕུང་པོ་ཞིག་ཡིན་ལ། དེ་ནི་ཏང་གི་ཀྲུང་དབྱང་དང་། ས་གནས། གཞི་རིམ་བཅས་ཀྱི་རྩ་འཛུགས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ལྟར་སྒྲིག་འཛུགས་བྱས་པའི་གཅིག་གྱུར་གྱི་ཕུང་པོ་ཞིག་ཡིན། དེའི་ནང་ཏང་གི་ཀྲུང་དབྱང་རྩ་འཛུགས་ནི་ཏང་གི་དཀྱིལ་སྙིང་དང་སྲོག་ཤིང་ཡིན་པ་དང་། ཏང་གི་ས་གནས་རྩ་འཛུགས་ནི་ཀྲུང་དབྱང་དང་གཞི་རིམ་འབྲེལ་མཐུད་བྱེད་པའི་བར་གནས་ལྷུ་ཚིགས་ཡིན་དང་། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་རྩ་འཛུགས་མ་ལག་གི་རྨང་གཞི། ཞིང་སྡེའི་གཞི་རིམ་རྩ་འཛུགས་ནི་རྨང་གཞི་འདིའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་བཅསཡིན།
ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་ཞིང་བ་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན།
ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཞིང་བ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལས་ཡུལ་དངོས་ཡིན་པ་དང་། ཞིང་བ་མང་ཚོགས་ཀྱི་ཁྲོད་དུ་གནས་ཤིང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ཕྱོགས་དང་པོར་གནས་ཡོད་པས། ཞིང་བ་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། ཏང་གི་མགོ་ཁྲིད་ལས་ཁུངས་ཀྱིས་ཞིང་བ་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་གཞི་རྩའི་འབྲེལ་ཐག་ཏུ་གྱུར་ཡོད་ཅིང་། འབྲེལ་ཐག་ལྟ་བུའི་ནུས་པ་འདིའི་བྱེ་བྲག་གི་མཚོན་ཚུལ་ནི། ཕྱོགས་གཅིག་ནས་ཞིང་བ་མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན། དཀའ་ངལ། ཕུགས་བསམ་བཅས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་བརྒྱུད་ནས་ཏང་གི་མགོ་ཁྲིད་ལས་ཁུངས་ལ་ཡར་ཞུ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་བརྒྱུད་དེ་ཞིང་བའི་ཁྲོད་དུ་ལག་ལེན་མཐར་ཕྱིན་བྱས་ཏེ་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་བ་རེད།
ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཏང་གི་ཞིང་སྡེའི་ལས་འགན་དོན་འཁྱོལ་བྱེད་པའི་འཐབ་འཛིང་གི་བཙན་རྫོང་ཞིག་ཡིན།
ཏང་གི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་དང་ཏང་གི་ཞིང་སྡེའི་ལས་ཀའི་ལས་འགན་ལེགས་འགྲུབ་བྱེད་པར་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱ་དགོས། ཏང་གི་འཐབ་འཛིང་ནུས་ཤུགས་དང་ཏང་གི་སྟོབས་ཤུགས་ནི་ཐོག་མར་གཞི་རིམ་ཏང་རྩ་འཛུགས་ཁྲི300ལྷག་ཙམ་གྱི་འཐབ་འཛིང་བཙན་རྫོང་གི་ནུས་པའི་ཐོག་ནས་མཚོན་ཡོད། རྒྱ་ཆེའི་གཞི་རིམ་ཏང་གི་རྩ་འཛུགས་ཀྱི་འཐབ་འཛིང་ནུས་ཤུགས་འདོན་སྤེལ་མ་བྱས་ན་ཏང་ཡོངས་ཀྱི་འཐབ་འཛིང་ནུས་ཤུགས་སྟོང་ཡིན། ཞིང་སྡེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དེ་གཙོ་བོ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་དང་ལག་བསྟར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་ལས་ཀ་བརྒྱུད་ནས་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དང་། ཞིང་བ་མང་ཚོགས་ཀྱི་མགོ་ཁྲིད་དེ་དར་སྤེལ་དང་། འབྱོར་ཕྱུག དམངས་གཙོ། དཔལ་ཡོན། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་སྐྲུན་རྒྱུའི་ཐོག་ནས་མཚོན་ལ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བརྒྱུད་ནས་ཞིང་བ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་འགན་ཁག་ལེགས་འགྲུབ་བྱེད་པའི་ཐོག་ནས་ཀྱང་མཚོན་དགོས།
ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཁྲོད་ཀྱི་ལྟེ་བའི་མགོ་ཁྲིད་ཡིན།
རང་རྒྱལ་གྱི་རྒྱ་ཆེའི་ཞིང་སྡེ་རུ་གནས་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་སྣ་ཚོགས་དཔེར་ན། སྲིད་འཛིན་རྩ་འཛུགས་དང་། རང་སྐྱོང་རྩ་འཛུགས། མང་ཚོགས་ཚོགས་པའི་རྩ་འཛུགས། དཔལ་འབྱོར་རྩ་འཛུགས་སོགས་རྩ་འཛུགས་མང་པོའི་ཁྲོད་དུ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ལྟེ་བའི་མགོ་ཁྲིད་ཡིན། ལྟེ་བའི་མགོ་ཁྲིད་ཀྱི་ནུས་པ་འདི་རིགས་ཀྱིས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ཞིང་སྡེ་རུ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་པར་ཕན་པ་དང་། གནད་དོན་གལ་ཆེན་དག་ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པར་ཕན་ཞིང་། ཤང་དང་གྲོང་རྡལ་གྱི་རྩ་འཛུགས་སྣ་ཚོགས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་། ཕྱོགས་སོ་སོའི་ཁེ་ཕན་དང་འགལ་བ་མཐུན་སྦྱོར་དང་ཐག་གཅོད་བྱེད་པར་ཕན། ཞིང་སྡེའི་ལས་དོན་ཁག་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་དང་། ཞིང་སྡེའི་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་ཅུང་མགྱོགས་ཙམ་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་ཁག་ཐེག་བྱེད་པ་བཅས་ལ་ཕན་པ་ཡོད།
ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ནི་གཙོ་བོ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཟེར།
ཏང་གིས་ཞིང་སྡེའི་ལས་དོན་ལ་མགོ་ཁྲིད་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ན། ངེས་པར་དུ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་ནི་ཞིང་སྡེའི་ཏང་ཀྲི་པུའུ་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། ཞིང་སྡེའི་ཏང་ཀྲི་པུའུ་ཡི་ལྟེ་ངའི་མགོ་ཁྲིད་ཀྱི་གོ་གནས་ཀྱིས་ཞིང་སྡེ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་སོགས་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས། བུད་མེད་དང་གཞོན་ནུ། ཡུལ་དམག་སོགས་མང་ཚོགས་རྩ་འཛུགས་ཚང་མས་ངེས་པར་དུ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་མགོ་ཁྲིད་དང་ལེན་དང་། རང་རང་གི་ནུས་པ་འདོན་སྤེལ་བྱས་ཏེ་ལས་དོན་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་ནི་མ་ལག་རང་བཞིན་གྱི་ལས་གཞི་ཞིག་ཡིན།
རྨང་གཞིའི་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་གྲོང་ཚོའི་ཏང་རྩ་འཛུགས་སྲོག་ཤིང་དུ་གྱུར་བའི་སྡེ་བ་རིམ་པའི་རྩ་འཛུགས་ཆ་འགྲིག་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་དང་། ཐུན་མོང་དཔལ་འབྱོར་རྩ་འཛུགས། གུང་གཞོན་ཚོགས་པ། བུད་མེད་འཐུས་མིའི་ཚོགས་ཆེན། ཡུལ་དམག་སོགས་རྩ་འཛུགས་དང་ཤང་གྲོང་ཁེ་ལས་ཀྱི་བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་ཡིག་ལྟར་ལས་དོན་སྤེལ་བར་མགོ་ཁྲིད་དང་རྒྱབ་སྐྱོར་བྱ་དགོས། ཏང་གིས་མགོ་ཁྲིད་བྱེད་པའི་སྡེ་བ་རིམ་པའི་དམངས་གཙོའི་རང་སྐྱོང་ལམ་སྲོལ་འཕེལ་རྒྱས་དང་འཐུས་ཚང་དུ་བཏང་ནས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་གལ་ཆེན་དང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་དམ་འཛིན་བྱེད་ས་གལ་ཆེན་བཅས་སུ་འགྱུར་བ་བྱེད་དགོས།