སྤྱི་ལོ2022ལོའི་ཟླ8པའི་ཚེས31ཉིན་སློབ་གསོ་པུའུ་གཞུང་དོན་ཐིང་གིས《ཞིང་ལས་ཚན་རྩལ་གསར་བའི་ཤེས་ལྡན་པ་གསོ་སྐྱོང་ཁྲིད་སྟོན་རང་བཞིན་གྱི་ཆེད་ལས་ཕྱོགས་སྟོན》(སློབ་གསོ་མཐོ་རིམ་ཐིང་གི་ཡི་གེ〔2022〕ཨང23པ)པར་འགྲེམས་བྱས་པ་དང་། བཀོད་སྒྲིག་བྱས་པའི་ཞིང་ལས་ཚན་རྩལ་གསར་བའི་ཤེས་ལྡན་པ་གསོ་སྐྱོང་ཁྲིད་སྟོན་རང་བཞིན་གྱི་ཆེད་ལས་ཁྲོད“གྲོང་གསེབ་བཅོས་སྐྱོང”ཆེད་ལས་ཡོད་པ་དེ་ཞིང་སྡེ་འཕེལ་རྒྱས་ཁྱབ་ཁོངས་སུ་གཏོགས་པ་རེད།
སྤྱི་ལོ2023ལོའི་ཟླ4པར་སློབ་གསོ་པུས་སྤྱི་ལོ2022ལོའི་ལོ་འཁོར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཐོ་འགོད་སྙན་སེང་དང་ཞིབ་མཆན་འགོད་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་དང་ཐེངས་དེར་གྲོང་གསེབ་བཅོས་སྐྱོང་ཚུད་པའི་ཆེད་ལས་གསར་བ21གསར་སྣོན་བྱས་པ་དང་འབྲེལ《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་དངོས་སུ་བཅུག་ཡོད་པ་རེད།
གྲོང་གསེབ་བཅོས་སྐྱོང་ཆེད་ལས་ཀྱིས་གྲོང་གསེབ་དར་སྤེལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་ཚད་ལ་གཞི་ཚུགས་ཏེ་བསམ་བློ་ཀུན་སྤྱོད་དང་། ཆབ་སྲིད་བྱང་ཚད། གཟུགས་པོའི་བྱང་ཚད། སེམས་ཁམས་བྱང་ཚད་བཅས་བཟང་པོ་ལྡན་པ་དང་། དོ་དམ་རིག་པ་དང་། ཞིང་ལས་དཔལ་འབྱོར་རིག་པ། ཞིང་འབྲེལ་ཁྲིམས་ལུགས་རིག་པ། སྤྱི་ཚོགས་རིག་པ། བསམ་བློ་ཆབ་སྲིད་སློབ་གསོ། ཞིང་ནགས་ལག་རྩལ་སོགས་གཞི་རྩའི་རིགས་པའི་གཞུང་ལུགས་དང་ཆེད་ལས་རྩལ་ནུས་ལྡན་ཡོད།
གྲོང་གསེབ་བཅོས་སྐྱོང་ཆེད་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་རྒྱབ་ལྗོངས་འོག་སྤྱོད་ཡོན་གཉིས་ལྡན་དང་། རྨང་གཞི་བརྟན་པ། སྤྱི་ཚོགས་ལ་ཁ་ཕྱོགས་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཞབས་འདེགས་ཞུ་བ་བཅས་ཀྱི་རིམ་པ་ཁག་གི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་རིམ་པ་མཐོ་བའི་གྲོང་གསེབ་བཅོས་སྐྱོང་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དམིགས་འབེན་ཏུ་བཟུང་སྟེ། གཞི་གྲངས་རྨང་གཞི་དང་། ཞིང་ལས་ཚན་རིག་ཤེས་བྱ། དཔལ་འབྱོར་དོ་དམ། ཞིང་སྡེའི་འཆར་གཞི། གྲོང་གསེབ་དར་སྤེལ་གོང་འཕེལ་བཅས་ལ་སྣེ་ཁྲིད་བྱེད་པའི་སྣོལ་འདྲེས་མཉམ་འདུས་ཅན་གྱི་མཐོ་རིམ་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས།
ཆེད་ལས་གཙོ་བོའི་སློབ་ཚན་ནི་དོ་དམ་རིག་པ་དང་། ཞིང་ལས་དཔལ་འབྱོར་རིག་པ། ཞིང་སྡེའི་སྤྱི་ཚོགས་བརྟག་དཔྱད། གྲོང་གསེབ་བཅོས་སྐྱོང་གི་རགས་བཤད། ཞིང་སྡེའི་སྤྱི་ཚོགས་རིག་པ་སོགས་ཡིན་པ་དང་ཆབས་ཅིག་ཞིང་སྡེའི་སྤྱི་ཚོགས་བརྟག་དཔྱད་ཚོད་ལྟ་དང་། ཞིང་སྡེ་འཆར་འགོད་ཇུས་འགོད། གྲོང་གསེབ་བཅོས་སྐྱོང་ཆེད་ལས་ཕྱོགས་བསྡུས་དངོས་སྦྱོང་སོགས་ལག་ལེན་སློབ་ཁྲིད་ལ་གཞོགས་འདེགས་བྱས་ཡོད། དགེ་རྒན་གྱི་ཐད་ནས་སློབ་གྲྭས་སྒྲིག་འཛུགས་བྱས་ཏེ“བརྒྱ་གསུམ”བཟོ་སྐྲུན་བཙུགས་ཏེ་གཞི་རིམ་གྱི་ཤང་སྡེ་རྩ་འཛུགས་བརྒྱ་དང་འབྲེལ་བ་བྱེད་པ་དང་། ཞིང་འབྲེལ་ཁེ་ལས་བརྒྱ་ལ་གན་རྒྱ་འཇོག་པ། སློབ་ཕྱིའི་ལག་ལེན་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང་བརྒྱ་གདན་འདྲེན་ཞུས་པ་བཅས་རེད།
གཙོ་གནད་རིག་ཚན་ནི། སྤྱི་བའི་དོ་དམ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ་བཅས་ཡིན།
ལྟེ་བའི་སློབ་ཚན། དོ་དམ་རིག་པའི་རྩ་བའི་རིགས་པ་དང་། དཔལ་འབྱོར་རིག་པའི་རྩ་བའི་རིགས་པ། སྤྱི་ཚོགས་རིག་པ། ཆབ་སྲིད་རིག་པ། སྤྱི་ཚོགས་བརྟག་དཔྱད་བྱེད་ཐབས། ཞིང་སྡེ་འཆར་འགོད་རིག་པ། ཁེ་གཉེར་མིན་པའི་རྩ་འཛུགས་དོ་དམ། ཞིང་འབྲེལ་ཁྲིམས་ལུགས་རིག་པ། “ཞིང་གསུམ”སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན། དོ་དམ་སེམས་ཁམས་རིག་པ། བློ་རིག་ཞིང་སྡེའི་ལག་རྩལ་དང་བཀོལ་སྤྱོད་བཅས་ཡིན།
ལག་ལེན་གྱི་སློབ་ཁྲིད་ལྷུ་ཚིགས་གཙོ་བོ། ཆེད་ལས་དེའི་ལག་ལེན་སློབ་ཁྲིད་ལྷུ་ཚིགས་གཙོ་བོའི་ནང་མཛེས་སྡུག་ལྡན་པའི་ཞིང་སྡེའི་ཤེས་རྟོགས་དངོས་སྦྱོང་དང་། ཞིང་ལས་དང་འབྲེལ་བ་ཡོད་པའི་ལས་རིགས་སྦྲེལ་ཐག་གཉེར་སྐྱོང་དོ་དམ་གྱི་རྟོག་བཟོའི་ཚོད་ལྟ། ཞིང་སྡེའི་སྤྱི་ཚོགས་བརྟག་དཔྱད་དངོས་སྦྱོང་། ཞིང་སྡེ་འཆར་འགོད་ཇུས་འགོད། གྲོང་གསེབ་བཅོས་སྐྱོང་ཆེད་ལས་ཕྱོགས་བསྡུས་དངོས་སྦྱོང་། གྲོང་གསེབ་བཅོས་སྐྱོང་ཆེད་ལས་དངོས་སྦྱོང་སོགས་སློབ་ཚན་ཚོད་ལྟ་སོགས་ཡོད།
ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན། སྤྱི་ཚོགས་ཀྱི་ཚོགས་པ་སོགས་ཞིང་འབྲེལ་སྡེ་ཁག
སློབ་ཆེན་འཛུགས་སྐྲུན།
ས་ཁུལ། སློབ་གླིང་།
ཧོ་ནན། ཧོ་ནན་ཞིང་ལས་སློབ་ཆེན།
ཧྲན་ཞི། ཧྲན་ཞི་ཞིང་ལས་སློབ་ཆེན།
ཧའེ་ནན། ཧའེ་ནན་སློབ་ཆེན།
ཧྥུ་ཅན། ཧྥུ་ཅན་ཞིང་ནགས་སློབ་ཆེན།
ཀན་སུའུ། ཀན་སུའུ་ཞིང་ལས་སློབ་ཆེན།