བདེ་འཇགས་ནི་ང་ཚོ་མི་སྒེར་སུ་ཞིག་ཡིན་རུང་ཧ་ཅང་གལ་ཆེ་བ་ཞིག་སྟེ། དཔེར་ན། མིའི་ཚེ་སྲོག་དེ"1"ལ་བལྟས་ན། ང་ཚོའི་ལས་དོན་དང་། ཁྱིམ་ཚང་གི་འཚོ་བ་དེ"1"གི་རྗེས་སུ"0"སྣོན་པ་དང་མཚུངས་ལ། རྗེས་ཀྱི"0"ཇི་ལྟར་བསྣན་པ་མང་ན་ང་ཚོའི་ལས་དོན་དེ་ལྟར་དུ་གཟི་འོད་འབར་བ་དང་། ཁྱིམ་ཚང་གི་འཚོ་བ་ཡང་དེ་ལྟར་དུ་ཕུན་སུམ་ཚོགས་པར་གྱུར་བ་དེ་མཚོན། འོན་ཏེ་མིའི་ཚེ་སྲོག་དེ་མེད་སོང་ན། "1"རྗེས་ཀྱི"0"ཇི་ལྟར་མང་རུང་། དོན་སྙིང་ག་འདྲ་ལྡན་ནམ། འདི་ནི་ཕར་བལྟས་ཚོད་ཀྱི་རྩིས་རྒྱག་སྟབས་བདེ་ཞིག་དང་འདྲ་མོད། འོན་ཀྱང་འདི་ལས་"མིའི་ཚེ་སྲོག་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པས། མི་རེ་རེས་དེ་ལ་ངེས་པར་དུ་གཅེས་སྤྲས་བྱེད་དགོས། "ཅེས་ཧ་ཅང་གསལ་ཐག་ཆོད་པའི་གནས་ལུགས་ཤིག་གསལ་བཤད་བྱས་ཡོད། རྒྱུ་མཚན་དེའི་དབང་གིས་ང་ཚོས་ངེས་པར་དུ་མི་ལུས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་འཇོག་དགོས། དུས་ནམ་ཡིན་ཡང་བདེ་འཇགས་ཐོན་སྐྱེད་བྱེད་རྒྱུ་ཡིད་ལ་དམ་པོར་བཅངས་ནས་ལྷོད་གཡེང་ཕྲན་ཙམ་ཡང་མེད་པ་ཞིག་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ནི་ཐོན་སྐྱེད་བརྒྱུད་རིམ་དེ་དངོས་གཟུགས་ཀྱི་ཆ་རྐྱེན་དང་བྱ་བའི་གོ་རིམ་ལ་མཐུན་པའི་སྒོ་ནས་སྤེལ་བ་དང་། མི་ལུས་ལ་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པ་སོགས་ཐོན་སྐྱེད་ལས་འཛོལ་བྱུང་བ་སྔོན་འགོག་དང་། ཉེན་ཁ་དང་གནོད་པའི་རྒྱུ་རྐྱེན་མེད་པའམ་ཚོད་འཛིན་བྱས་ནས་མི་ལུས་ཀྱི་བདེ་འཇགས་དང་བདེ་ཐང་དང་། སྒྲིག་ཆས་དང་སྒྲིག་བཀོད་ལ་གནོད་སྐྱོན་ཐེབས་པ་དང་། ཁོར་ཡུག་ལ་བཙོག་པ་བཟོ་བ་མི་ཡོང་བར་གཏོང་བའི་སྤྱི་མིང་ཞིག་ཡིན།
བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བའི་དམིགས་ཡུལ་ནི་ངལ་རྩོལ་མི་སྣས་ཐོན་སྐྱེད་བརྒྱུད་རིམ་ནང་གི་བདེ་འཇགས་དང་བདེ་ཐང་ལ་ཁེག་ཐག་བྱེད་པ་དེ་ཡིན། བདེ་འཇགས་ཐོན་སྐྱེད་ནི་བདེ་འཇགས་དང་ཐོན་སྐྱེད་ཀྱི་གཅིག་གྱུར་ཞིག་དང་། བདེ་འཇགས་ཀྱིས་ཐོན་སྐྱེད་ལ་སྐུལ་སྤེལ་དང་ཐོན་སྐྱེད་བྱེད་ན་ངེས་པར་དུ་བདེ་འཇགས་ཡིན་དགོས། བདེ་འཇགས་མེད་ཚེ་ཐོན་སྐྱེད་རྒྱུན་ལྡན་ངང་སྤེལ་ཐབས་མེད་པ་ཡིན། བདེ་འཇགས་སྒོས་ཐོན་སྐྱེད་བྱ་བ་ཡག་པོར་བསྒྲུབ་པ་དང་ངལ་རྩོལ་ལག་ཆ་ལེགས་བཅོས་བྱེད་པ་དང་། ལས་བཟོ་བའི་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པ་ཉུང་ངུར་བཏང་ན། ཁེ་ལས་ཀྱི་ཕན་འབྲས་ཇེ་མཐོར་ཡོང་བ་མ་ཟད། བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཡང་སྐུལ་འདེད་བཏང་ཡོད། ད་དུང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྐུལ་འདེད་དང་དཔལ་འབྱོར་འཛུགས་སྐྲུན་བདེ་འཇགས་ངང་སྤེལ་བར་ཁེག་ཐག་བྱས་ཡོད།
རྨས་སྐྱོན་ལས་འཛོལ་བྱུང་བ་དེས་ཁེ་ལས་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་་གྱོང་གུད་ཚབས་ཆེན་བཟོས་པ་དང་། དེས་སྨན་བཅོས་དང་ལས་འཛོལ་ལ་བརྟག་ཞིབ་དང་ཐག་གཅོད་བྱེད་པ་དང་། གཟིགས་སྐྱོང་དངུལ་སོགས་དཔལ་འབྱོར་ཐོག་གི་གྱོང་གུད་བཟོ་བ་ལས། གཞན་ད་དུང་ཁེ་ལས་ཀྱིས་ཐོན་སྐྱེད་གོ་རིམ་རྒྱུན་ལྡན་ངང་སྤེལ་བར་ཤུགས་རྐྱེན་ཐེབས་པ་དང་། ཚབས་ཆེ་བ་ལ་ཐ་ན་ཁེ་ལས་ལས་མཚམས་འཇོག་པ་དང་རྡིབ་པ་བཟོ་བཞིན་ཡོད། བདེ་འཇགས་ཐོན་སྐྱེད་ནི་རང་དང་ཁྱིམ་ཚང་གི་ཆེད་དུ་ཡང་ཡིན། འཚོ་གནས་དང་བདེ་ཐང་ནི་མི་རྣམས་ཀྱི་ཆེས་རྩ་བའི་དགོས་མཁོ་ཡིན་པས། གལ་སྲིད་ལས་རྨས་སྐྱོན་འཛོལ་བྱུང་ན། རང་ཉིད་ཀྱི་ལུས་པོར་རྨས་སྐྱོན་འབྱུང་བ་མ་ཟད། ད་དུང་ནང་སེམས་སུའང་སྡུག་བསྔལ་ཚད་མེད་བཟོ་ངེས། མི་རེ་རེར་བདེ་སྐྱིད་ཕུན་སུམ་ཚོགས་པའི་ཁྱིམ་ཚང་ཞིག་དང་། ཉིན་མ་རེར་དགའ་དགའ་སྤྲོ་སྤྲོ་ངང་ལས་ཀར་འགྲོ་བ་དང་། བདེ་མོ་སྐྱིད་པོ་ངང་རང་ཁྱིམ་དུ་ལོག་པར་འདོད་ཡོད། འོན་ཀྱང་། གལ་ཏེ་མི་ལ་ལས་ལས་ཀ་ལས་སྐབས་སྒྲིག་ཁྲིམས་དང་འགལ་ནས་ལས་པ་དང་། ཉེན་ཁ་ལ་མི་འཛེམ་པར་བབ་ཅོལ་གྱིས་ལས་ན། རང་ཉིད་ལ་གནོད་བསྐྱལ་བ་མ་ཟད། ཁྱིམ་ཚང་ལ་སྐྱོ་གར་བཟོ་བའི་མཇུག་འབྲས་ངན་པ་འབྱུང་སྲིད།