དུས་རབས12པའི་སྐབས། འཇར་མན་བས་རང་རྒྱལ་གྱི་བྱང་རྒྱ་མཚོའི་འགྲམ་དང་དེའི་ཆུ་བོའི་རྒྱུད (ལྷག་པར་དུ་ལའེ་དབྱིན་ཆུ་བོ་དང་དབྱི་པེ་ཆུ་བོ)དུ་ཉོ་ཚོང་རྒྱ་བསྐྱེད། དེ་དང་ཆབས་ཅིག ཁོང་ཚོས་ཁྲོམ་ར་གསར་འབྱེད་བྱ་ཆེད་ཤར་རྒྱུད་ཀྱི་ཕོ་ལན་དུ་གནས་སྤོ་བྱེད་འགོ་བརྩམས། སྔ་དུས་དར་རྒྱས་ཆེ་བའི་ཉོ་ཚོང་གྲོང་རྡལ་ནི་དབྱི་པེ་གཙང་བོའི་སྟེང་གི་ཧན་པའོ(汉堡)དང་པོ་ལུའོ་ཏུ་རྒྱ་མཚོའི(波罗的海)འགྲམ་ངོགས་ཀྱི་ལུའེ་པེ་ཁུ(吕贝克)ཡིན། སྤྱི་ལོ1241ལོར་གྲོང་རྡལ་འདི་གཉིས་ཀྱིས་ཕན་ཚུན་སྲུང་སྐྱོབ་བྱ་ཆེད་མནའ་མཐུན་ཞིག་བཙུགས། ཅུང་མ་འགོར་བར། གྲོང་ཁྱེར་དང་གྲོང་རྡལ་གཞན་དག་ཀྱང་སྔ་རྗེས་སུ་མནའ་མཐུན་འདིའི་ནང་ཞུགས། དུས་རབས14པའི་དུས་འགོར། “ཧན་སཱ་མནའ་མཐུན”ཞེས་འབོད་པའི་ཚོང་ལས་དང་རང་སྲུང་རང་བཞིན་གྱི་མནའ་འབྲེལ་དེ་ཡོངས་སུ་བཙུགས། དུས་རབས14པའི་དུས་དཀྱིལ་དུ་སླེབས་དུས། མནའ་མཐུན་དེའི་ནང་ཞི་ཧྥུའུ་ལན་ཏུ(西弗兰德)ཞིང་ཆེན་གྱི་པུའུ་ལུའུ་རི(布鲁日)ནས་ཨུ་རུ་སུའི་ནུའོ་ཧྥུའུ་ཀུ་ལུའོ་ཏུའི(诺夫哥罗德)བར་གྱི་གྲོང་ཁྱེར་དང་གྲོང་རྡལ70ཞུགས། མནའ་མཐུན་ཆེན་མོ་དེའི་ངོ་བོར་གཙོ་བོ་ཚོང་ལས་རང་བཞིན་ལྡན་ཞིང་། འཇར་མན་སྲིད་གཞུང་གི་ཤུགས་ཆེའི་ཉོ་ཚོང་བདེ་འཇགས་ཀྱི་འགན་སྲུང་མེད་པའི་གནས་ཚུལ་འོག མནའ་འབྲེལ་དེས་ཁོངས་མིའི་ཉོ་ཚོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཐུབ། རྒྱུན་གཏན་གྱི་གནས་ཚུལ་འོག ཧན་སཱ་མནའ་མཐུན་དམག་འཁྲུག་ཁྲོད་ཞུགས་ཀྱིན་མེད་མོད། འོན་ཀྱང་ཏེན་མག་གི་རྒྱལ་བོ་ཝ་ཨེར་ཏུ་མཱ་སྐུ་ཕྲེང་བཞི་པས(瓦尔德玛四世)དབང་སྒྱུར་བྱེད་སྐབས་མནའ་མཐུན་གྱི་ཁོངས་མིས་དམག་འཐབ་ཐེངས་གཉིས་མི་བྱེད་ཀ་མེད་བྱུང་སྟེ། ཝ་ཨེར་ཏུ་མཱ་སྐུ་ཕྲེང་བཞི་པས་མནའ་མཐུན་གྱི་ལས་དོན་ལ་ཐེ་ཇུས་བྱས་པར་ངོ་རྒོལ་བྱས།