དབྱིན་ཀེ་ལན་གྱི་རྒྱལ་བོ་ཡུའེ་ཧན་ཁྲིར་བཞུགས་པའི་རིང་ལ། (སྤྱི་ལོ1199ལོ་ནས་སྤྱི་ལོ1216ལོའི་བར)རྒྱལ་བོ་དང་སྐུ་དྲག་བར་འགལ་བ་ཚབས་ཆེན་བྱུང་། སྐུ་དྲག་གིས་སྲིད་གཞུང་གིས་རྒྱལ་ཁབ་སྐྱོང་བའི་ལས་དོན་ནང་སྔར་ལས་མང་བ་ཞུགས་རྒྱུའི་རེ་བ་བྱས་ཀྱང་། རྒྱལ་བོས་སྲིད་སྒེར་འཛིན་བྱེད་རྩིས་བྱས། ཧྥ་རན་སེ་དང་འཐབ་འཁྲུག་བྱས་པའི་ཁྲོད་རྒྱུན་་དུ་ཕམ་ཁ་བྱུང་བས། རྒྱལ་བོ་དང་ཆོས་ཚོགས་བར་ལའང་རྩོད་པ་བྱུང་སྟེ། ཡུའེ་ཧན་གྱིས་མི་སེམས་ལ་སྔར་བས་རྨ་ཁ་བཏོད། སྤྱི་ལོ1215ལོའི་ཟླ6པའི་ཚེས15ཉིན། དབྱིན་ཀེ་ལན་ལྷོ་རྒྱུད་ཀྱི་ལན་ཉི་སྨི་ཏུ(兰尼米德)རུ་སྐུ་དྲག་གིས་ཁོང་ལ《རྩ་འཛིན་ཆེན་མོ》ཕུལ་བར་མ་ཟད་དེའི་ནང་གི་དོན་ཚན་ལ་མོས་མཐུན་བྱེད་དུ་བཅུག་པ་རེད། འོན་ཀྱང་། ཆོས་ཀྱི་གོང་མ་དབྱིན་ནུའོ་སེན་སྐུ་ཕྲེང་གསུམ་པས(英诺森三世)ཡུའེ་ཧན་གྱིས་རྩ་ཁྲིམས་ལ་མིང་རྟགས་འགོད་པའི་དབང་ཆ་མེད་པར་བཟོས། རྒྱུ་མཚན་ནི་ཁོང་གིས་ཡེ་ཤེས་ཆོས་ལུགས་ཀྱི་ཆོ་ག་བརྒྱུད་དེ་བསྐོས་པའི་རྒྱལ་བོར་བཙན་ཤེད་ཀྱིས་མིང་རྟགས་བཀོད་དེ་ཁོའི་དབང་ཆ་འདོར་དུ་འཇུག་མི་རུང་བར་འདོད།